38337
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། བྱང་སེམས་ཀྱི་གང་ཟག་བྱེ་བྲག་པ་ཞིག་གི་རྒྱུད་ལ་ཐེག་པ་གཞན་ཀྱིས་བར་མ་ཆོད་པར་རྫོགས་བྱང་ཐོབ་པར་ངེས་པའི་ཐབས་ཤེས་གང་རུང་གིས་བསྡུས་པའི་རྟོགས་པ་བརྟན་པོ་ཡོད་པར་སྒྲུབ་པའི་སྦྱོར་བ་ཞིག་ལ་འཇོག རྟགས་སྦྱོར་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དང་པོ་ནི། སྦྱོར་ལམ་དྲོད་ལ་གནས་པའི་སེམས་དཔའ་དབང་རྣོན་ལྟ་བུ་ཆོས་ཅན། རང་ཉིད་འབའ་ཞིག་གི་དོན་དུ་ཐར་པ་དོན་དུ་གཉེར་བའི་བསམ་པ་མངོན་གྱུར་སྐྱེ་བའི་གོ་སྐབས་བཅོམ་པའི་སྒོ་ནས་རྒྱུ་ནུས་པ་མཐུ་ཅན་གྱིས་རྫོགས་པའི་བྱང་ཆུབ་འབྱུང་རུང་ཡིན་ཏེ། ཐབས་ཤེས་ཁྱད་པར་ཅན་དང་ལྡན་པའི་ངེས་འབྱེད་ཆ་མཐུན་ལ་གནས་པའི་སེམས་དཔའ་དབང་རྣོན་ཡིན་པའི་ཕྱིར། གཉིས་པ་ལ་གཉིས། ཕྱོགས་ཆོས་སྒྲུབ་པ་དང། ཁྱབ་པ་སྒྲུབ་པའོ། །དང་པོ་ནི། དེ་འདྲའི་སེམས་དཔའ་ཆོས་ཅན། ཐབས་ཁྱད་པར་ཅན་དང་ལྡན་ཏེ། སེམས་ཅན་གྱི་སྡུག་བསྔལ་ཤས་མི་བཟོད་པའི་ལུས་ཀྱི་བ་སྤུ་ལྡང་བ་དང་མིག་ནས་མཆི་མ་འབྱུང་བ་ལ་སོགས་པའི་ལུས་ཀྱི་ཐ་སྙད་ཁྱད་པར་ཅན་དང་ལྡན་པའི་སེམས་དཔའ་ཡིན་པའི་ཕྱིར། ཤེས་རབ་ཁྱད་པར་ཅན་དང་ལྡན་ཏེ། རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་སྟོང་ཉིད་རྟོགས་པ་ལ་སོགས་པའི་ཐེག་པ་ཆེན་པོའི་ལམ་གྱི་རིགས་ཚང་བར་སྟོན་པའི་ངག་གི་ཐ་སྙད་ཁྱད་པར་ཅན་དང་ལྡན་པའི་སེམས་དཔའ་ཡིན་པའི་ཕྱིར། གཉིས་པ་ཁྱབ་པ་སྒྲུབ་པ་ནི། གོ་བར་སླའོ། །ཇི་སྐད་བཤད་པའི་གཏན་ཚིགས་ནི། འབྲས་རང་མ་དམིགས་པའི་རྟགས་གསུམ་གྱི་ནང་ནས་རང་བཞིན་གྱི་རྟགས་ཡང་དག་ཏུ་ཤེས་པར་བྱ་བ་ཡིན་ཏེ། མདོ་ལས། རྣམ་པ་དང་རྟགས་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་བཟུང་བར་བྱའོ། །ཞེས་པའི་ཐད་དུ་འགྲེལ་ཆེན་ལས། གཟུང་བར་བྱའོ་ཞེས་བྱ་བ་ནི། ནུས་པའི་རྒྱུ་ཡིས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་བྱ་བའི་ཚུལ་གྱིས་སྔར་རུང་བ་ཉིད་ཀྱི་རྗེས་སུ་དཔོག་པས་ངེས་པར་གཟུང་བར་བྱའོ། །ཞེས་གསུངས། |
| Domain | ཆོས་ལུགས། |