38338

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་ཀྱི་དགེ་འདུན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བཀྲས་ལྷུན་ཤར་རྩེའི་ཡིག་ཆར། ཐབས་ཤེས་ཀྱི་རྟོགས་པ་བརྟན་པོ་ཐོབ་པའི་སྟོབས་ཀྱིས་རྗེས་ཐོབ་ཀྱི་གནས་སྐབས་ཀྱིས་བསྡུས་པའི་ལུས་ངག་གི་སྤྱོད་པ་ཁྱད་པར་ཅན་ཐོབ་པའི་སེམས་དཔའ་དེ་དེའི་མཚན་ཉིད་ཡིན། དབྱེ་ན། དེ་སྦྱོར་ལམ་པ། མཐོང་ལམ་པ། སྒོམ་ལམ་པ་གསུམ་ཡོད། ས་མཚམས་དེས་ཤེས།
Domain ཆོས་ལུགས།
ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་ཀྱི་དགེ་འདུན་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། བསམ་པའི་ངོས་ནས་རང་ཉིད་གཅིག་བུའི་ཆེད་དུ་ཞི་བདེ་དོན་གཉེར་གྱི་བློ་མངོན་གྱུར་བ་འབྱུང་བའི་གོ་སྐབས་བཅོམ་ཞིང༌། སྦྱོར་བའི་ངོས་ནས་གཞན་དོན་དུ་སྒྲུབ་པ་ཉམས་སུ་ལེན་པ་ལ་སྒྱིད་ལུག་པའི་བསམ་པ་ཅུང་ཟད་ཙམ་ཡང་མི་སྐྱེ་བས་ཁྱད་པར་དུ་བྱས་པའི་གཟུགས་སོགས་བདེན་པར་འཛིན་པའི་བདེན་འཛིན་མངོན་གྱུར་བ་ཅི་རིགས་པ་ལྡོག་པ་སོགས་སྐབས་འདིར་བསྟན་གྱི་རྟགས་བཞི་བཅུ་རྩ་བཞི་པོ་གང་རུང་ཐོབ་པའི་སེམས་དཔར་དམིགས་པ། སྐབས་འདིར་བསྟན་གྱི་ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་བྱང་སེམས་ཀྱི་དགེ་འདུན་གྱི་མཚན་ཉིད། དེ་ལ་དབྱེ་ན། སྦྱོར་ལམ་པ་ཕྱིར་མི་ལྡོག་པའི་དགེ་འདུན། མཐོང་ལམ་པ་ཕྱིར་མི་ལྡོག་པའི་དགེ་འདུན། སྒོམ་ལམ་པ་ཕྱིར་མི་ལྡོག་པའི་དགེ་འདུན་གསུམ་དུ་ཡོད། ས་མཚམས་ནི། སེམས་དཔའ་དབང་རྣོན་རྣམས་ཀྱིས་སྦྱོར་ལམ་ནས། འབྲིང་པོ་རྣམས་ཀྱིས་མཐོང་ལམ་ནས། ཇི་ལྟར་དབང་པོ་རྟུལ་ཡང་ས་བརྒྱད་པ་ནས་རྫོགས་བྱང་ལས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་འཇོག་གོ །