38344
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། ཕྱིར་མི་ལྡོག་པའི་རྟགས་ཞེ་བཞི་པོ་གང་རུང་ཐོབ་པའི་བྱང་སེམས་ཀྱི་དགེ་འདུན་ཞིག་ལ་ཟེར། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དེས་ན་འོག་ནས་འཆད་པར་འགྱུར་བའི་རྟགས་བཞི་བཅུ་རྩ་བཞི་པོ་གང་རུང་ཐོབ་པའི་བྱང་སེམས་ཀྱི་དགེ་འདུན་དེ་སྐབས་འདིར་འཆད་ལ། དེ་ཡང་བྱང་སེམས་དབང་རྣོན་གྱིས་སྦྱོར་ལམ་དྲོད་ནས་ཕྱིར་མི་ལྡོག་པའི་རྟགས་ཐོབ། དབང་འབྲིང་གིས་མཐོང་ལམ་ནས་ཕྱིར་མི་ལྡོག་པའི་རྟགས་ཐོབ། དབང་པོ་ཇི་ལྟར་རྟུལ་ཡང་ས་བརྒྱད་པ་ནས་ཕྱིར་མི་ལྡོག་པའི་རྟགས་ཐོབ་པར་འཇོག་སྟེ། འགྲེལ་ཆེན་ལས། ལ་ལ་རིགས་མ་ངེས་པ་ཡིན་ཡང་དབང་པོ་རྣོ་བས། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སུ་ཡང་ཐབས་ཀྱི་ཁྱད་པར་བསམ་གྱིས་མི་ཁྱབ་པས་ཕྱིར་མི་ལྡོག་པ་ཉིད་དུ་ངེས་པ་ཡིན་ནོ། །ཞེས་དང། གནད་ཀྱི་ཟླ་འོད་ལས། དབང་པོ་འབྲིང་ནི་རབ་ཏུ་དགའ་བ་ནས་ཏེ། སྔོན་དུ་དེའི་ངེས་པ་ལ་སོགས་པ་མེད་པའི་ཕྱིར་རོ། །དབང་པོ་རྟུལ་པོ་ནི་ས་མི་གཡོ་བ་ལས་ཏེ། ཞེས་པ་དང། ཡང་འགྲེལ་ཆེན་ལས། ས་བརྒྱད་པ་ལ་ནི་ཐམས་ཅད་ཕྱིར་མི་ལྡོག་པ་ངེས་པ་ཉིད་དུ་བཞག་པ་ཡིན་པའི་ཕྱིར་ཉེས་པ་མེད་དོ། །ཞེས་གསུངས། |
| Domain | ཆོས་ལུགས། |