From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྱིར་འཐེན་ (1)
| Part of speech
|
མིང་ཚིག
|
| Definition
|
རྒྱུ་རྐྱེན་གང་རུང་ལ་བརྟེན་ནས་ལས་དོན་མཚམས་འཇོག་པའི་དོན།
|
| Example
|
ལས་བྱེད་ནས་ཕྱིར་འཐེན་བྱེད་པ། དམག་དཔུང་ཕྱིར་འཐེན་པ་ལྟ་བུ།
|
ཕྱིར་འཐེན་ (2)
| Part of speech
|
མིང་ཚིག
|
| Definition
|
སྔོན་མའི་གཏན་ཁེལ་གྱི་དུས་ཚོད་ལས་ཕྱིར་འགྱངས་བྱེད་པའི་དོན།
|
| Example
|
ཚོགས་འདུའི་དུས་ཚོད་ཕྱིར་འཐེན་བྱ་དགོས་ལྟ་བུ།
|
ཕྱིར་འཐེན་ (3)
| Part of speech
|
མིང་ཚིག
|
| Definition
|
གོ་གནས་ལས་ཕབ་པའི་དོན།
|
| Example
|
ཕྱིར་འཐེན་བྱས་པའི་རིམ་བཞི་ཡན་གྱི་ལས་ཞྭ་ལས་གོས་འཇའ་ལྷམ་བཅས་གཞུང་ལེན་དང༌། གལ་ཏེ་གཞུང་ཞབས་གྲས་ནས་རྩ་འབུད་བྱས་ཚེ་རྩེ་དྲུང་གི་གོས་སྟོད་བཤུ་བ་དང༌། དྲུང་འཁོར་གྱི་སྐྲ་ལྕོག་བཤིག་ཅིང་ཞྭ་གོས་ལྷམ་གསུམ་ཕུད་དེ་གཏོང༌། ཞེས་པ་ལྟ་བུ།
|