38373

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱིར་འོང་འབྲས་གནས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བཀྲས་ལྷུན་ཐོས་གླིང་ཡིག་ཆར། ཕལ་ཆེར་ལ་འདོད་ཆགས་དང་བྲལ་བས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག གཉིས་པ་ལ་དབང་པོའི་སྒོ་ནས་དབྱེ་ན། དབང་རྟུལ་དད་པས་མོས་པ་དང༌། དབང་རྣོན་མཐོང་བས་ཐོབ་པ་གཉིས། འབྲས་བུ་སྔོན་དུ་བྱེད་ཚུལ་གྱི་སྒོ་ནས་དབྱེ་ན་འབྲས་བུ་ཐོད་བརྒལ་བའི་ཕྱིར་འོང་དང༌། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་གཉིས།
Domain ཆོས་ལུགས།

{{#arraymap:ཕྱིར་འོང་འབྲས་གནས་

|; |@@@ | | }}

ཕྱིར་འོང་འབྲས་གནས་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། འབྲས་གནས་བཞི་པོ་གང་རུང་ཡང་ཡིན། འདོད་པ་ལ་འདུན་པའི་ཉོན་མོངས་དྲུག་པ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཉན་ཐོས་ཕྱིར་འོང་འབྲས་གནས་ཀྱི་མཚན་ཉིད་ཡིན། དེ་ལ་དབྱེ་བ་ནི། དེ་ལ་དབང་པོའི་སྒོ་ནས་དབྱེ་ན། དད་པས་མོས་པ་དང་། མཐོང་བས་ཐོབ་པ་གཉིས། སྦྱོར་བའི་སྒོ་ནས་དབྱེ་ན། ཙམ་པོ་པ་དང། ཁྱད་པར་ཅན་གཉིས་ཡོད། འབྲས་བུ་ཐོབ་ཚུལ་གྱི་སྒོ་ནས་དབྱེ་ན། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་དང། ཆགས་སྔོན་སོང་གི་ཕྱིར་འོང་གཉིས་སུ་ཡོད་དོ། །

{{#arraymap:ཕྱིར་འོང་འབྲས་གནས་

|; |@@@ | | }}

ཕྱིར་འོང་འབྲས་གནས་ (3)
Part of speech མིང་ཚིག
Definition མངོན་པ། འབྲས་གནས་བཞི་པོ་གང་རུང་ཡང་ཡིན། འདོད་པ་ལ་འདུན་པའི་ཉོན་མོངས་དྲུག་པ་སྤངས་པའི་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། ཕྱིར་འོང་འབྲས་གནས་ཀྱི་མཚན་ཉིད། ལན་གཅིག་ཕྱིར་འོང་གི་སྒྲ་དོན་ཡང་ཡོད་དེ། འདོད་པར་ལས་ཉོན་གྱི་དབང་གིས་ལན་གཅིག་ཕྱིར་འོང་བས་ན་ལན་གཅིག་ཕྱིར་འོང་བ་ཞེས་བཤད་པའི་ཕྱིར། གཉིས་པ་ནི། དེ་དབང་པོའི་སྒོ་ནས་དབྱེ་ན། དད་མོས་པ་དང་། མཐོང་ཐོབ་པ་གཉིས། སྦྱོར་བའི་སྒོ་ནས་དབྱེ་ན། ཙམ་པོ་པ་དང་། ཁྱད་པར་ཅན་གཉིས། དེ་གཉིས་ཀྱི་ཁྱད་པར་ནི་ཕྱིར་འོང་འབྲས་གནས་ཙམ་པོ་པ་དང་ཁྱད་པར་ཅན་གང་རུང་ཡང་ཡིན། འབྲས་བུ་གོང་མ་ཐོབ་ཕྱིར་དུ་བརྩོན་བཞིན་པ་མ་ཡིན་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། །དེ་ཙམ་པོ་པའི་མཚན་ཉིད། དེ་གང་རུང་ཡང་ཡིན། འབྲས་བུ་གོང་མ་ཐོབ་ཕྱིར་དུ་བརྩོན་བཞིན་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། དེ་ཁྱད་པར་ཅན་གྱི་མཚན་ཉིད། ཡང་དེ་ལ་འབྲས་བུ་ཐོབ་ཚུལ་གྱི་སྒོ་ནས་དབྱེ་ན། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་དང་། འབྲས་བུ་ཐོད་རྒལ་བའི་ཕྱིར་འོང་གཉིས། དེ་གཉིས་གང་རུང་ཡང་ཡིན། མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་འདུན་པའི་ཉོན་མོངས་དྲུག་པ་མ་སྤངས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། དང་པོའི་མཚན་ཉིད། དེ་གཉིས་གང་རུང་ཡང་ཡིན། དེའི་སྔ་རོལ་དུ་འདོད་པ་ལ་འདུན་པའི་ཉོན་མོངས་དྲུག་པ་སྤངས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། གཉིས་པའི་མཚན་ཉིད།

{{#arraymap:ཕྱིར་འོང་འབྲས་གནས་

|; |@@@ | | }}

ཕྱིར་འོང་འབྲས་གནས་ (4)
Part of speech མིང་ཚིག
Definition འཕགས་ལམ་ཐོབ་ནས་ཀྱང་སླར་ཡང་ལས་ཉོན་གྱི་དབང་གིས་འདོད་པར་སྐྱེ་བ་ལེན་པའི་ཕྱིར་འོང་གི་འབྲས་བུ་ལ་གནས་པའི་གང་ཟག་ཞིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཐ་མའི་ཆ་མཐུན་ལྔ་ཕལ་ཆེར་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག་དེ་ཕྱིར་འོང་འབྲས་གནས་ཀྱི་ངོ་བོར་འཇོག དེ་ལ་དབང་པོའི་སྒོ་ནས་ཕྱེ་ན། ཕྱིར་འོང་འབྲས་གནས་དད་མོས་པ་དང་མཐོང་ཐོབ་པ་གཉིས། འབྲས་བུ་ཐོབ་ཚུལ་གྱི་སྒོ་ནས་ཕྱེ་ན། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་དང་འབྲས་བུ་ཐོད་རྒལ་བའི་ཕྱིར་འོང་གཉིས། དང་པོ་དང་རྒྱུན་ཞུགས་ཀྱི་རྟོགས་པ་སྔོན་སོང་གི་ཕྱིར་འོང་དོན་གཅིག གཉིས་པ་དང་ཆགས༌བྲལ་སྔོན་སོང་གི་ཕྱིར་འོང་དོན་གཅིག སྦྱོར་བའི་སྒོ་ནས་ཕྱེ་ན། ཕྱིར་འོང་འབྲས་གནས་ཙམ་པོ་བ་དང་ཁྱད་པར་ཅན་གཉིས། ཞེས་གསུངས།

{{#arraymap:ཕྱིར་འོང་འབྲས་གནས་

|; |@@@ | | }}