3838

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱད་པར་བའི་ཐེག་པ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཁྱད་པར་བའི་ཐེག་པ་ནི་ཐེག་པ་ཆེན་པོ་སྟེ། བཀའ་བརྒྱད་རྣམ་བཤད་ལས། མངོན་མཐོ་ངེས་ལེགས་ཀྱི་ལམ་བསྟན་པ་ལྷ་མིའི་ཐེག་པ་དང་ཉན་རང་གི་ཐེག་པ་རྣམས་ལ་ཐེག་པ་ཐུན་མོང་བ་ཞེས་དང་། ཐེག་པ་ཆེན་པོ་ལ་ནི་ཁྱད་པར་བའི་ཐེག་པ་ཞེས་བྱ་ཞིང་། དེ་ལའང་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་སུ་ཡོད་དེ། གང་ཞེ་ན། དབུ་མ་དང་སེམས་ཙམ་གྱི་དགོངས་པ་རྣམ་པར་བཞག་པའི་གཞུང་གི་བཀའ་ཐམས་ཅད་ནི་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། སྔགས་ཕྱི་ནང་གི་གཞུང་དུ་གྱུར་པའི་བཀའ་ཐམས་ཅད་ནི་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ཞེས་བྱའོ། །ཐེག་པ་ཆེན་པོ་པ་འདི་དག་མཐར་འབྲས་སངས་རྒྱས་ཐོབ་པར་འདྲའང་། རིང་ལམ་དང་ཉེ་ལམ་གྱི་ཁྱད་པར་ལས་རྒྱུ་འབྲས་ཀྱི་ཐེག་པ་ཞེས་བྱའོ། །ཞེས་གསུངས།
Domain ཆོས་ལུགས།