38396
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཏེ། གླེང་གཞི་ནི་མཉན་ཡོད་ན་འཆར་ཀས་ལྗོངས་རྒྱུ་ཞིང་སོང་ནས་རི་བྲག་གི་གཙུག་ལག་ཁང་དུ་དགེ་སློང་ལ་ཕྱིས་གནོན་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ལུས་སེམས་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་གནས་སུ་སྔར་ཞུགས་པའི་དགེ་སློང་ལ་མཐོ་འཚམས་པའི་ཕྱིར། ཕྱིས་གནོན་བྱས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །ངོ་བོ་ནི། ན་བ་དང་འཇིགས་པ་བྱུང་བའི་དགོས་སྐབས་མ་གཏོགས་པར་དགེ་སློང་གཞན་དགེ་སློང་རང་གི་ལུས་ཀྱིས་བརྫིས་ཤིང་གནོད་པ་བྱེད་པའི་ལྟུང་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |