3848

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱད་པར་འཕགས་བསྟོད་ (1)
Part of speech མིང་ཚིག
Definition སྔར་རྒྱ་གར་དུ་བཀའ་བསྡུ་གསུམ་པ་བྱས་ནས་རྒྱལ་པོ་ཀ་ནི་ཀ་འདས་པའི་རྗེས་སུ་དེའི་བུས་སྲིད་དབང་བཟུང་བའི་དུས་ཙམ་ན། བྲམ་ཟེའི་བུ་སྤུན་གཉིས་ཏེ་ཆེ་བ་ལ་ཐོ་བཙུན་གྲུབ་རྗེ་དང༌། ཆུང་བ་ལ་བདེ་བྱེད་བདག་པོ་ཟེར་བ་དེ་གཉིས་ཀྱི་ཆེ་བས་མུ་སྟེགས་རིག་བྱེད་ཀྱི་ཆོས་ལ་དད་པ་བྱེད་ཅིང༌། ཆུང་བས་ནང་པའི་ཆོས་ལ་དད་པ་བྱེད་ཀྱི་ཡོད་པ་ལས། ཆེ་བ་དེ་རྗེས་སུ་ནང་པའི་ཆོས་ལ་ཞུགས་ནས་མུ་སྟེགས་ཀྱི་སྟོན་པ་དང་ལྷ་རྣམས་ལས་ནང་པ་སངས་རྒྱས་ཀྱི་སྟོན་པ་ཁྱད་པར་འཕགས་པའི་དཔེ་དོན་གཉིས་རེའི་སྒོ་ནས་བསྟོད་པ་མཛད་པ་དེ་ཡིན། བསྟན་པ་སྔ་དར་གྱི་སྐབས་ལོ་ཙཱ་བ་རྨ་རིན་ཆེན་མཆོག་གིས་བསྒྱུར་བ། བསྟན་འགྱུར་པོད་ཀ་པ་བསྟོད་ཚོགས་ཀྱི་འགོར་ཡོད། བསྟོད་པ་དེའི་འགྲེལ་པ་རྒྱ་གར་གྱི་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ། ལོ་ཙཱ་བ་རིན་ཆེན་བཟང་པོས་བོད་སྐད་དུ་བསྒྱུར་ཅིང་། བར་སྐབས་ཀྱི་ཚིགས་སུ་བཅད་པ་བཅུ་གཉིས་ཀྱི་འགྲེལ་པ་རྒྱ་དཔེ་མ་རྙེད་པ་དེའི་ཚབ་ཏུ་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་ཁ་གསབ་མཛད་པ། བསྟན་འགྱུར་པོད་ཀ་པའི་བསྟོད་ཚོགས་ཀྱི་དབུར་བཞུགས།