38480

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱེ་མ་འཕུར་མ་ (1)
Part of speech མིང་ཚིག
Definition འཕན་ལྟར་སྣེ་མོ་ཟུར་གསུམ་བྱས་པའི་དར་རས་ཁ་དོག་སྒྲིག་ནས་ཚེམས་པའི་གདུགས་གྲུ་བཞི་ཞིག་ཡིན་ཏེ། བདེ་བར་གཤེགས་པའི་ཐུགས་རྟེན་ཕྱག་མཚན་གྱི་ངོས་འཛིན་གསལ་བྱེད་ཉི་མ་ལས། ཕྱེ་མ་འཕུར་མ་ཞེས་དར་ཟབ་ཀྱི་འཕན་སྣེ་ཟུར་གསུམ་དུ་བྱས་པ་དུ་མའི་དབྱིབས་གདུགས་གྲུ་བཞི་བ་ལྟ་བུའོ། །ཞེས་སོ། །དེ་ནི་ཕྱག་ཆ་ཡང་བྱེད་དེ། གཟི་བརྗིད་པོད་གསུམ་པ་ལས། ཕྱག་མཚན་ཕྱེ་མ་འཕུར་མ་བསྣམས། ཞེས་སོ། །
ཕྱེ་མ་འཕུར་མ་ (2)
Part of speech མིང་ཚིག
Definition ཕྱེ་མ་དང་འཕུར་མའི་མིང་བསྡུས་པའོ། །