38483

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱེ་མར་ (1)
Part of speech མིང་ཚིག
Definition རྩམ་པ་དང་མར་སོགས་བསྲེས་ནས་ཕྱེ་འབོའམ་སྡེར་མ་སོགས་ཀྱི་ནང་དུ་བླུགས་ནས་ལོ་གསར་རྟེན་འབྲེལ་སྐབས་ཀྱི་བཤམ་རྒྱུའི་བོད་ཀྱི་རིག་གནས་ཤིག
Example ཕྱེ་མར་མཆོད་སྟེགས་ལ་བཤམས་པ། ཕྱེ་མར་མཆོད་ནས་ཞལ་ལག་བཞེས་ལྟ་བུ།
ཕྱེ་མར་ (2)
Part of speech མིང་ཚིག
Definition རྩམ་པ་དང་མར་བསྲེས་ཏེ་ཕྱེ་ཕུར་བཏང་བའི་ཟན་གྱི་མིང།
Example ཕྱེ་མར་ཟོས་ནས་གྲོད་ཁོག་བརྒྱགས། ཕྱེ་མར་ཞིམ་པོ་ལྟ་བུ།
ཕྱེ་མར་ (1)
Part of speech བསྣན་ཚིག
Definition ཕྱེ་མ་རུ་ཞེས་པའི་རུ་ཡིག་བསྡུས་པ།
Example ལྕགས་ཕྱེ་མ་རུ་གྱུར་ཅེས་པར་ལྕགས་ཕྱེ་མར་གྱུར་ལྟ་བུ།