38500
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཟའ་བར་བ་དེ་ཉི་མའི་རྐང་ཆོག་གིས་བསྒྲུབས་པའི་ལོངས་སྤྱོད་དེ་ལ་ཟེར་ཞིང་། ཚུལ་དེ་ཉིན་རེའི་གཟའི་ལོངས་སྤྱོད་སྐྱོན་མེད་རྣམ་དག་མིན་ཡང་གཟའ་བར་བ་ལ་ལྟོས་ན་སྐྱོན་མེད་རྣམ་དག་དང་ཉེ་བར་སོང་བས་ན་དེ་སྐད་ཟེར། རིགས་ལྡན་སྙིང་ཐིག་ལས། གཟའ་བར་ཆུ་ཚོད་མན་ཆད་དུ། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །དེ་ཡིས་གཟའ་ཕྱེད་དག་པར་འགྱུར། །ཞེས་བྱུང་། |
| Domain | རྩིས་རིག |