38514

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱེད་འཁོར་ (1)
Part of speech མིང་ཚིག
Definition ཚིགས་བཅད་ཀྱི་རྐང་པ་བཞི་ཀ་བརྩེགས་མར་བྲིས་ཏེ། ཚིགས་བཅད་ཕྱེད་སྔ་མའི་སྟེང་གི་ཐིག་ཕྲེང་དང་པོ་ཐད་ཀར་ལུགས་འབྱུང་དུ་བཀླགས་པ་དང་། དེའི་རེའུ་མིག་དང་པོ་ནས་ཐུར་དུ་བཀླགས་པ་འདྲ་ཞིང་། ཕྱེད་ཕྱི་མའི་སྟེང་གི་ཐིག་ཕྲེང་དང་པོ་མཐའ་ནས་དཀྱུས་སུ་ལུགས་ལྡོག་ཏུ་བཀླགས་པ་དང་། ཕྱེད་ཕྱི་མའི་སྟེང་གི་རེའུ་མིག་མཐའ་མ་ནས་ཐུར་དུ་ཀློག་པ་འདྲ་བ་ལྟར་རེའུ་མིག་ཕྱེད་སྔ་ཕྱི་ཀུན་ལ་འདྲ་བས་ཕྱེད་སྔ་མ་དཀྱུས་དང་འོག་ཏུ་འཁོར་ཞིང་། ཕྱེད་ཕྱི་མ་མཐའ་ནས་ལུགས་ལྡོག་ཏུ་འཁོར་བ་ལ་ཕྱེད་འཁོར་ཞེས་བྱའོ། །
Domain རྩོམ་རིག