38535

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱོགས་ (1)
Part of speech མིང་ཚིག
Definition ངོས་གཅིག་གམ་ལོགས་གཅིག
Keyword True
Example མདུན་ཕྱོགས་དང་། རྒྱབ་ཕྱོགས། གཡས་ཕྱོགས་དང་། གཡོན་ཕྱོགས་ཞེས་པ་ལྟ་བུ།
ཕྱོགས་ (2)
Part of speech མིང་ཚིག
Definition གྲངས་ཀ་བཅུ་སྟེ། ཕྱོགས་བཞི། མཚམས་བཞི། སྟེང་འོག་བཅས་བཅུ་ཡོད་པས་སོ། །
Type མངོན་བརྗོད།
ཕྱོགས་ (3)
Part of speech མིང་ཚིག
Definition རྒོལ་ཕྱི་རྒོལ་གཉིས་ཀྱིས་རྩོད་པར་བྱ་བའི་གཞི་ཆོས་ཅན་གྱི་སྟེང་དུ། སྔ་རྒོལ་རང་གིས་བསྒྲུབ་པར་བྱ་བར་འདོད་པའི་ཆོས་ཞིག་ལ་བསྒྲུབ་བྱའམ་ཕྱོགས་ཞེས་བྱ་སྟེ། དཔལ་ཆོས་ཀྱི་གྲགས་པས་བསྟན་བཅོས་ཚད་མ་རྣམ་འགྲེལ་ལས། བསྒྲུབ་བྱར་ཁས་བླངས་ཕྱོགས་མཚན་ཉིད། །ཅེས་དང་། སློབ་དཔོན་ཕྱོགས་གླང་གིས་ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ལས། འདིར་བསྒྲུབ་བྱའི་མཚན་ཉིད་ནི་སྒྲུབ་པའི་ཆོས་ཅན་ལ་ཆོས་ཀྱི་ཁྱད་པར་བྱེད་པ་སྟེ། རང་གིས་བསྒྲུབ་པར་བྱ་བར་འདོད་པ་འདི་ནི་བསྒྲུབ་བྱ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།
Domain ཚད་མ།
ཕྱོགས་ (1)
Part of speech བྱ་ཚིག
Definition འཁོར་བའི་དོན།
Example མེ་ཏོག་གི་ཁ་ཉི་མར་ཕྱོགས་འདུག། མི་ལ་རྒྱབ་ཕྱོགས་ནས་མ་འདུག་ཅེས་པ་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།
ཕྱོགས་ (2)
Part of speech བྱ་ཚིག
Definition ཕྱག་གི་སྐུལ་ཚིག
Keyword True
Transitive བྱ་བྱེད་ཐ་དད་པ།
Future [ཕྱག]
Present [འཕྱག]
Past [ཕྱགས།]
Imperative [ཕྱོགས།]