38539

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱོགས་ཀྱི་གླང་པོ་ (1)
Part of speech མིང་ཚིག
Definition འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ཡ་གྱལ། ཚད་མ་རིག་པའི་རྒྱན་གྱི་སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་རྒྱལ་རིགས་ཀྱི་སྲས་སུ་སྐུ་འཁྲུངས། མཁན་པོ་རྒྱལ་བའི་དབང་པོ་ལས་རབ་ཏུ་བྱུང༌། སློབ་དཔོན་དབྱིག་གཉེན་བསྟེན་ནས་ཚད་མ་ལ་ཤིན་ཏུ་མཁས་པར་གྱུར་ཏེ། ཚད་མའི་བསྟན་བཅོས་ཐོར་བུ་རྣམས་བསྡུས་ཏེ་ལུས་ཡོངས་སུ་རྫོགས་པའི་གཞུང་ཚད་མ་ཀུན་བཏུས་རྩ་འགྲེལ་གཉིས་དང༌། དམིགས་པ་བརྟག་པ་རྩ་འགྲེལ། དུས་གསུམ་བརྟག་པ། རིགས་པ་ལ་འཇུག་པ། ཕྱོགས་ཆོས་དགུའི་འཁོར་ལོ་ལ་སོགས་པ་ཚད་མའི་གཞུང་མང་དུ་བརྩམས་ཏེ་ནང་པའི་ཚད་མ་རིག་པའི་སྲོལ་འབྱེད་པའི་སློབ་དཔོན་དུ་གྱུར།
ཕྱོགས་ཀྱི་གླང་པོ་ (2)
Part of speech མིང་ཚིག
Definition ཤར་ལྷོ་སོགས་ཀྱི་ཕྱོགས་བརྒྱད་སྲུང་མཁན་གྱི་གླང་པོ་སྟེ། ཤར་དུ་ས་སྲུང་བུ། ཤར་ལྷོར་པདྨ་དཀར་པོ། ལྷོར་གཡོན་ཕྱོགས། ལྷོ་ནུབ་ཏུ་ས་ལ་དགའ། ནུབ་ཏུ་གསལ་བྱེད། ནུབ་བྱང་དུ་མེ་ཏོག་སོ་ཅན། བྱང་དུ་ས་ཀུན་ལ་གྲགས་པ། བྱང་ཤར་དུ་ཆ་མཛེས་རྣམས་སོ། །