From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྱོགས་ཆོས་ (1)
| Part of speech
|
མིང་ཚིག
|
| Definition
|
དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ།
|
| Example
|
བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་རྟགས་བྱས་པ་ལྟ་བུ།
|
| Domain
|
ཚད་མ།
|
ཕྱོགས་ཆོས་ (2)
| Part of speech
|
མིང་ཚིག
|
| Definition
|
དཔག་གཞིར་བཟུང་བ་ཤེས་འདོད་ཡིན། །དེ་ལ་གྲུབ་པ་ཕྱོགས་ཆོས་སོ། །ཞེས་བྱ་བ། ཤེས་འདོད་ལ་རྟགས་མངོན་སུམ་མམ་རྗེས་སུ་དཔག་པས་གྲུབ་པ་ནི་ཚུལ་དང་པོ་ཕྱོགས་ཆོས་ཞེས་བྱ་བ་ཡིན་ནོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས། ཕྱོགས་ཆོས་ཀྱི་མཚན་ཉིད་ནི། ཤེས་འདོད་ལ་རྟགས་འཛིན་པའི་ཚད་མས་དྲངས་པའི་ངེས་ཤེས་ཀྱིས། རྟགས་ཤེས་འདོད་ཆོས་ཅན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ངེས་པའི་སྒོ་ནས་གཙོ་བོར་བསྒྲུབ་དགོས་པའི་རྟགས་ཀྱི་ཚུལ་ལོ། །
|