38570
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། ཉིད་ཅེས་པའི་ཚིག་སྨོས་པ་ལ་དགོས་པ་ཡོད་དེ། མཚན་མོ་ལོ་མ་འཁུམས་ཏེ་ཉལ་བ། ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པའི་ཕྱོགས་ཆོས་ཡིན་པ་བཅད་པའི་ཆེད་དུ་ཡིན་པའི་ཕྱིར། ཚིག་དེ་ལ་བརྟེན་ནས་དེ་ཁེགས་པར་འགྱུར་ཏེ། མཚན་མོ་ལོ་མ་འཁུམས་ཏེ་ཉལ་བ་ལྗོན་ཤིང་ལ་ཡོད་ཀྱང་དེ་ལ་ཡོད་པ་ཁོ་ན་མ་ཡིན་པའི་ཕྱིར་ཏེ། དེ་མཐའ་དག་ལ་ཡོད་པ་མ་ཡིན་པའི་ཕྱིར་ཏེ། ལྗོན་ཤིང་ཡིན་ན་ལོ་མ་འཁུམས་ཏེ་ཉལ་བས་མ་ཁྱབ་པའི་ཕྱིར། དེ་ལྟར་ཡང་འཐད་ལྡན་ཆུང་བ་ལས། ཉིད་ཀྱི་ཚིག་གིས་ནི། ཕྱོགས་གཅིག་ལ་མ་གྲུབ་པ་བསལ་བ་ཡིན་ཏེ། ཅི་ལྟར་ལྗོན་ཤིང་ནི་སྲོག་དང་བཅས་པ་ཡིན་ཏེ། ཉལ་བའི་ཕྱིར་རོ། །ཞེས་ལྗོན་ཤིང་ཕྱོགས་སུ་བྱས་པ་ལ། ལོ་མ་འཁུམས་པའི་མཚན་ཉིད་ཀྱི་ཉལ་བ་ཕྱོགས་གཅིག་ལ་མ་གྲུབ་པ་ཡིན་ཏེ། འདི་ལྟར་ཤིང་ཐམས་ཅད་ནི་མཚན་མོ་ལོ་མ་འཁུམས་པ་ལ་བརྟེན་པ་མ་ཡིན་གྱི། འགའ་ཙམ་ཁོ་ནར་ཟད་པ་ལྟ་བུའོ། ། |
| Domain | ཚད་མ། |