38572

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱོགས་ཆོས་ཀྱི་མཚན་ཉིད་ཟུར་དུ་ཡོད་པ་ཞེས་པའི་ཚིག་སྨོས་པ་ (1)
Part of speech མིང་ཚིག
Definition དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། དེའི་ཟུར་དུ་ཡོད་པ་ཞེས་པའི་ཚིག་སྨོས་པ་ལ་དགོས་པ་ཡོད་དེ། མིག་ཤེས་ཀྱི་གཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པ་བཅད་པའི་ཆེད་དུ་ཡིན་པའི་ཕྱིར། ཚིག་དེ་ལ་བརྟེན་ནས་དེ་ཡིན་པ་ཁེགས་པར་འགྱུར་ཏེ། མིག་ཤེས་ཀྱི་གཟུང་བྱ་སྒྲའི་སྟེང་དུ་མེད་པའི་ཕྱིར་ཏེ། སྒྲ་མིག་ཤེས་ཀྱི་གཟུང་བྱ་མ་ཡིན་པའི་ཕྱིར། དེ་ལྟར་ཡང་འཐད་ལྡན་ཆུང་བ་ལས། དེ་ལ་ཡོད་པའི་ཚིག་གིས་ནི། མིག་གིས་གཟུང་བར་བྱ་བའི་ཕྱིར། ཞེས་བྱ་བ་ལ་སོགས་པ་མ་གྲུབ་པ་བསལ་བ་ཡིན་ནོ། །ཞེས་གསུངས།
Domain ཚད་མ།