38579

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱོགས་ཆོས་རྒོལ་བ་ལ་ལྟོས་པའི་མ་གྲུབ་པ་ (1)
Part of speech མིང་ཚིག
Definition རྒོལ་བ་ལ་ལྟོས་ནས་མ་གྲུབ་པ་ལ་གཉིས་ལས། དང་པོ་སྔར་རྒོལ་ལ་ལྟོས་ནས་མ་གྲུབ་པ་ནི། གྲངས་ཅན་པས་བློ་བདེ་ཆོས་ཅན། སེམས་མེད་ཡིན་ཏེ། སྐྱེ་འཇིག་ཅན་ཡིན་པའི་ཕྱིར། ཞེས་བཀོད་པ་ལྟ་བུའོ། །གཉིས་པ་ཕྱིར་རྒོལ་ལ་ལྟོས་ནས་མ་གྲུབ་པ་ནི། གཅེར་བུ་པས་སངས་རྒྱས་པའི་ངོར་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ཤུན་པ་བཤུས་ན་འཆི་བའི་ཕྱིར་ཞེས་པའོ། །འདི་ལ་ཡང་འཆི་བའི་དོན་ཚེ་དང་སྲོག་འདོར་བ་ལ་བྱེད་ན་རྟགས་ཀྱི་ངོ་བོ་མ་གྲུབ། གྲུབ་མཐའ་ལ་ལྟོས་ན་ཕྱིར་རྒོལ་སངས་རྒྱས་པ་ལ་མ་གྲུབ་པའོ། །མདོར་ན། རྟགས་སུ་དགོད་བྱའི་དོན་རྩོད་གཞིའི་སྟེང་དུ་རྒོལ་ཕྱིར་རྒོལ་གཉིས་ཀྱི་མཐུན་སྣང་དུ་གྲུབ་ན། སྒྲ་མཐུན་སྣང་དུ་མ་གྲུབ་ཀྱང་། ཕྱོགས་ཆོས་གྲུབ་སྟེ། དཔེར་ན་སངས་རྒྱས་པས། བྱེ་བྲག་པའི་ངོར། འབྱུང་བཞིའི་རྡུལ་ཕྲན་ཆོས་ཅན། མི་རྟག་སྟེ། ལུས་ཅན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་འབྱུང་བཞི་རྡུལ་ཕྲན་ལ་ལུས་ཅན་གྱི་སྒྲ་དེ་མིང་ཐམས་ཅད་དུ་སོང་བ་མ་ཡིན་པའི་རྫས་ཀྱི་མཚན་ཉིད་བྱེ་བྲག་པ་ལ་མ་གྲུབ་ཀྱང་། ལུས་ཅན་གྱི་དོན་རེག་བྱ་ཅན་གྲུབ་པས་རྟགས་ཡང་དག་ཏུ་འགྱུར་པ་བཞིན་ནོ། །རྟགས་ཀྱི་དོན་མ་གྲུབ་ན། སྒྲ་གྲུབ་ཀྱང་གཏན་ཚིགས་ཡང་དག་ཏུ་མི་འགྱུར་ཏེ། སྔར་བཤད་པའི་གྲངས་ཅན་པ་དང་། གཅེར་བུ་པས་སངས་རྒྱས་པའི་ངོར་བཀོད་པའི་གཏན་ཚིགས་གཉིས་ལྟ་བུའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
Domain ཚད་མ།