38580

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱོགས་ཆོས་ལ་རྩོད་པ་ (1)
Part of speech མིང་ཚིག
Definition བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱིར་རྒོལ་རྣམ་དག་དེས། རྟགས་དེའི་ཕྱོགས་སམ་བསྒྲུབ་བྱ་རྟོགས་ན་དེ་རྟོགས་པའི་དོན་དུ་བྱས་པ་རྟགས་སུ་བཀོད་པ་དོན་མེད་དུ་འགྱུར་ལ། མ་རྟོགས་ན་བྱས་པ་དེའི་ཆོས་སུ་མ་གྲུབ་པས་རྟགས་ཚུལ་དང་པོ་མ་གྲུབ་པར་འགྱུར་བས། རྟགས་ཚུལ་དང་པོ་ལ་ཕྱོགས་ཆོས་ཞེས་བརྗོད་པ་མི་འཐད་དོ། །དེས་ན་རྟགས་ཀྱི་ཚུལ་དང་པོ་ལ་ཆོས་ཅན་གྱི་ཆོས་ཞེས་བརྗོད་པར་རིགས་སོ་ཞེས་པ་ཡིན་ཏེ། དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། ཁོ་ན་རེ། རྟགས་ཚུལ་དང་པོ་ལ་ཕྱོགས་ཆོས་ཞེས་པ་མི་འཐད་པར་ཐལ། དེ་ལ་གནོད་བྱེད་ཡོད་པའི་ཕྱིར། ཇི་ལྟར་ཡོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྱུབ་པའི་ཕྱིར་རྒོལ་རྣམ་དག་དེས། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་གྲུབ་བམ། མ་གྲུབ། དང་པོ་ལྟར་ན། དེ་ལ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་བཀོད་པ་དོན་མེད་པར་ཐལ། དེས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཚད་མས་གྲུབ་པའི་ཕྱིར། གཉིས་པ་ལྟར་ན། དེས་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཀྱི་ཆོས་སུ་མ་གྲུབ་པར་ཐལ། དེས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་མ་གྲུབ་པའི་ཕྱིར། བསལ་བ་ཁས་བླངས། དེས་ན་ཆོས་ཅན་གྱི་ཆོས་སུ་གྲུབ་པ་རྟགས་ཚུལ་དང་པོར་བརྗོད་རིགས་སོ་ཞེ་ན། ཞེས་གསུངས་པའི་ཕྱིར།
Domain ཚད་མ།