38581

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱོགས་ཆོས་ལ་རྩོད་པའི་ལན་ (1)
Part of speech མིང་ཚིག
Definition རྟགས་ཀྱི་ཚུལ་དང་པོ་ལ་ཕྱོགས་ཆོས་ཞེས་མི་བརྗོད་པར་ཆོས་ཅན་གྱི་ཆོས་ཞེས་བརྗོད་པ་མི་རིགས་ཏེ། དེ་ལྟར་ན་ཆོས་ཅན་གྱི་མིང་དེ་ཡང་རྩོད་གཞི་ཆོས་ཅན་དང་མཐུན་པའི་ཆོས་ཅན་དང་། མི་མཐུན་པའི་ཆོས་ཅན་གསུམ་ཀ་ལ་འཇུག་པར་ཐལ་བས། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་པའི་ཆོས་ཅན་དང་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་པའི་ཆོས་ཅན་བུམ་པའི་ཆོས་སུ་གྲུབ་པའི་མིག་ཤེས་ཀྱི་བཟུང་བྱ་དེ་ཡང་རྟགས་ཚུལ་དང་པོ་ཡིན་ནམ་སྙམ་དུ་དོགས་པ་སྐྱེ་བའི་སྒོ་ནས་རྟགས་ཚུལ་དང་པོ་ཇི་བཞིན་མི་ཤེས་པར་འགྱུར་ལ། དེ་ལྟར་ན་གང་ཟག་དེ་ལ་ཚུལ་གསུམ་ཡིན་ན་རྟགས་ཡང་དག་ཡིན་པས་ཁྱབ་པ་སྒྲུབ་པའི་ནུས་པ་མེད་པར་འགྱུར་ཞེས་གསུངས་པ་ཡིན་ཏེ། དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། རྟགས་ཚུལ་དང་པོ་ལ་ཕྱོགས་ཀྱི་ཆོས་ཞེས་མི་བརྗོད་པར་ཆོས་ཅན་གྱི་ཆོས་ཞེས་བརྗོད་པ་མི་རིགས་པར་ཐལ། དེ་ལྟར་ན་ཆོས་ཅན་གྱི་སྒྲ་རྩོད་གཞི་དང་མཐུན་དཔེ་ཆོས་ཅན་དང་། མི་མཐུན་དཔེ་ཆོས་ཅན་གསུམ་ཀ་ལ་འཇུག་པས་དཔེ་གཉིས་ཀྱི་ཆོས་སུ་གྱུར་པའི་མིག་ཤེས་ཀྱི་བཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་ཆོས་ཅན་བུམ་པའི་ཆོས་སུ་གྲུབ་པས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཚུལ་དང་པོ་ཡིན་ནམ་སྙམ་དུ་དོགས་པ་དང། མིག་ཤེས་ཀྱི་བཟུང་བྱ་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་དཔེ་ཆོས་ཅན་བུམ་པའི་ཆོས་སུ་གྲུབ་པས་སྒྲ་རྟག་པར་སྒྲུབ་པའི་རྟགས་ཚུལ་དང་པོ་ཡིན་ནམ་སྙམ་དུ་དོགས་པ་སྐྱེ་བའི་སྒོ་ནས་རྟགས་ཚུལ་དང་པོ་ཇི་ལྟ་བ་བཞིན་དུ་རྟོགས་མི་ནུས་ལ། དེ་མ་རྟོགས་ན་ཚུལ་གསུམ་ལ་ཡང་དག་གི་ཁྱབ་པ་སྒྲུབ་པའི་ནུས་པ་མེད་པར་འགྱུར་བའི་ཕྱིར། ཞེས་གསུངས་པའི་ཕྱིར།
Domain ཚད་མ།