From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྱོགས་པ་ (1)
| Part of speech
|
མིང་ཚིག
|
| Definition
|
ཁ་ཕྱོགས་འཁོར་བའི་དོན་གྱི་བྱ་མིང།
|
| Example
|
ཁང་པའི་ངོས་ཤར་དུ་ཕྱོགས་པ། ཁ་ཉི་མར་ཕྱོགས་པ། རྒྱབ་ཉི་མར་ཕྱོགས་པ་ལྟ་བུ།
|
ཕྱོགས་པ་ (2)
| Part of speech
|
མིང་ཚིག
|
| Definition
|
རྫེས་སུ་འབྲང་བའི་དོན་གྱི་བྱ་མིང།
|
| Example
|
ཡབ་མེས་ཀྱི་རྗེས་སུ་ཕྱོགས་པ། དབུ་ཁྲིད་ཀྱི་རྗེས་སུ་ཕྱོགས་པ་ལྟ་བུ།
|
ཕྱོགས་པ་ (3)
| Part of speech
|
མིང་ཚིག
|
| Definition
|
འགོ་འཛུགས་ལ་ཉེ་བའི་དོན།
|
| Example
|
ནམ་ལངས་པར་ཕྱོགས་པ། ཉི་མ་འཆར་བར་ཕྱོགས་པ་ལྟ་བུ།
|
ཕྱོགས་པ་ (4)
| Part of speech
|
མིང་ཚིག
|
| Definition
|
མཇུག་བསྡུ་ལ་ཉེ་བའི་དོན།
|
| Example
|
ལམ་ལུགས་ནུབ་པར་མངོན་དུ་ཕྱོགས་པ། ཉི་མ་ནུབ་པར་ཕྱོགས་པ་ལྟ་བུ།
|