3859

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱད་མཚན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། ལམ་ཤེར་ཕྱིན་གྱི་རྣལ་འབྱོར་དེ་ལ་སྤངས་རྟོགས་ཁྱད་པར་ཅན་བསྐྱེད་པའི་ནུས་པ་ཡོད་པར་མཚོན་པར་བྱེད་པའི་སྦྱོར་བ་ཞིག་ལ་ཁྱད་མཚན་ཞེས་བརྗོད། མཚོན་ཚུལ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཉན་རང་གི་སྦྱོར་བ་སེམས་དཔའི་ལམ་ཤེས་སྦྱོར་བའི་ངོ་བོ་ཉིད་ལྔ་དང། རྣམ་མཁྱེན་སྦྱོར་བའི་ངོ་བོ་ཉིད་བདུན་མཚན་གཞི། ཐེག་དམན་གྱི་སྦྱོར་བ་ལས་ཁྱད་པར་འཕགས་པའི་སྦྱོར་བར་མཚོན། སྡུག་བསྔལ་བདེན་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་རྟོགས་པ་སོགས་ཡུལ་བཅུ་དྲུག་པོ་གང་རུང་གི་རྣམ་པ་ཅན་གྱི་སེམས་དཔའི་རྣལ་འབྱོར་ཡིན་པ་ཅེས་སོ། དབྱེ་ན་ཁྱད་མཚན་བཅུ་དྲུག་ཡོད། ས་མཚམས་ཐེག་ཆེན་མཐོང་ལམ་ནས་རྒྱུན་མཐའི་བར་དུ་ཡོད།
Domain ཆོས་ལུགས།