3866

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱད་འཕགས་ཕུལ་བྱུང་ (1)
Part of speech མིང་ཚིག
Definition དོན་རྒྱན་སོ་ལྔའི་ནང་གསེས་བཅུ་གཅིག་པ་ཕུལ་བྱུང་གི་རྒྱན་ལ་དབྱེ་བ་བཞི་ཡོད་པའི་དང་པོ་སྟེ། བརྗོད་པར་འདོད་པའི་དོན་གྱི་དངོས་པོའི་ཁྱད་ཆོས་འགའ་ཞིག་ལ་བསྔགས་པ་བྱས་ཏེ་ཁྱད་ཆོས་དེ་ལས་ལྷག་པ་ཞིག་དཔེ་ལ་མེད་པ་ལྟ་བུར་འུད་ཆེན་པོའི་སྒོ་ནས་བརྗོད་པ་སྟེ།
Example བོད་མཁས་པས། རབ་དམར་བསེ་ཡི་ཡ་ལད་ཀྱིས་བརྗིད་ཅིང་། །འཆར་ཀའི་མདངས་ལྡན་གདོང་ལག་ཁྲག་གིས་གཤེར། ། དམར་བའི་ཆིབས་ལྡན་རྡོ་རྗེ་དགྲ་འདུལ་སྐུ། །བསྐལ་བའི་མེ་དཔུང་དབུས་ན་མཚོན་མ་ཡིན། །ལྟ་བུ།
Domain རྩོམ་རིག

{{#arraymap:ཁྱད་འཕགས་ཕུལ་བྱུང་

|; |@@@ | | }}