38664

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱོགས་སྐྱོང་བཅུ་ (1)
Part of speech མིང་ཚིག
Definition ཤར་ཕྱོགས་ཀྱི་ལྷའི་དབང་པོ་བརྒྱ་བྱིན་མདོག་དཀར་པོའམ་སེར་པོ། རྡོ་རྗེ་འཆང་བས་ན་རྡོ་རྗེ་ཅན། ལྷ་ནི་འཇིག་རྟེན་ན་ཆེ་བར་གྲགས་པས་ལྷའམ། ཇོ་བོའམ་རྗེ་བོ་སྟེ་ཆེ་བའོ། །ལྷ་ཡི་རྒྱལ་པོ་དེས་ནག་ཕྱོགས་ལ་གནོད་པ་བྱེད་པས་གདོན་གྱི་བདག་པོ། མེ་སྟེ་མེ་ལྷ་ཁྱོད་ཀྱིས་བསྲེག་བྱ་ནི་སྒྲིབ་གཉིས་དང་མི་མཐུན་པའི་ཕྱོགས་ཐམས་ཅད་སྲེག་པའམ། ཟ་བར་ནུས་པས་ན་ལྷ་སྟེ་མདོག་དམར་པོ་ཨག་ཚོམ་འཕྱང་བ་སྟེ། དྲང་སྲོང་ཆེན་པོའི་ཚུལ་འཛིན་པའི་རྒྱལ་པོ་ཤར་ལྷོར་གནས་པའོ། །གཤིན་རྗེ་སྟེ་ལྷོ་ཕྱོགས་སུ་གནས་པ་མདོག་སྔོན་པོ་བེ་ཅོན་འཛིན་པ་ལྷོ་ཕྱོགས་ཀྱི་ལྷ་སྟེ། མ་མོ་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུར་གནས་ནས་ནད་རིམས་ཕལ་ཆེར་མཐོར་སྡུད་བྱེད་པའོ། །རྟག་ཏུ་རྫུན་སྨྲ་ཞིང་བདེན་པ་དང་བྲལ་བ་ནི་ལེགས་ལྡན་ནོ། །ལྷ་སྟེ་སྲིན་པོའི་རྒྱལ་པོར་གྱུར་ནས་རལ་གྲི་འཛིན་པ་ལྷོ་ནུབ་ཏུའོ། །ཞགས་པ་ཐོགས་ཤིང་ཆུའི་ལྷ་སྟེ་རྒྱ་མཚོ་ཆེན་པོ་ན་གནས་པ་ཀླུའི་རྒྱལ་པོར་གྱུར་ཅིང་འཁོར་དུ་ཀླུ་ཆེན་རྣམས་ཀྱིས་བསྐོར་བ་སྤྲིན་སྡུད་ཅིང་ཆར་འབེབས་པར་བྱེད་ཅིང་ནུབ་ཕྱོགས་ན་གནས་པའོ། །རླུང་སྟེ་སྲོག་ཐམས་ཅད་ཀྱང་འཛིན་པའི་ལྷ་སྟེ་མི་གཙང་བའི་ཉལ་ཉིལ་ཕྱག་དར་བྱེད་ཅིང་སྤྲིན་གཏོར་ནས་ཐན་པ་གཏོང་བའི་གྲོགས་བྱེད་པ་དང་། སྡུད་པ་སོགས་རིགས་པ་འཛིན་པའི་ཚུལ་བཟུང་ནས་ནུབ་བྱང་དུ་གནས་པའོ། །གནོད་སྦྱིན་ཏེ་ནོར་གཏེར་ཐམས་ཅད་སྐྱོང་བའི་རྒྱལ་པོ་ལྟ་བུའི་ལོངས་སྤྱོད་དང་ལྡན་པས་སྒྲུབ་པ་པོ་དང་དབུལ་ཞིང་ཕོངས་པའི་འགྲོ་བ་མཐའ་དག་ལ་དབྱིག་གི་ཆར་འབེབས་པ་སྟེ་བྱང་ཕྱོགས་ན་གནས་པའོ། །དབང་དང་ལྡན་པ་འདྲེན་པའི་ལྷ་སྟེ་འབྱུང་པོའི་རྒྱལ་པོ་མཐུ་ཆེ་ཞིང་བྱང་ཤར་ན་གནས་པའོ། །སྟེང་གི་ལྷ་ནི་ཚངས་པ་ཆེན་པོ་ལྷའི་རིགས་རྣམས་དང་། ཉི་མ་དང་ཟླ་བ་ལ་སོགས་པའི་གཟའ་ཆེན་བརྒྱད་པོའི་རིགས་རྣམས་དང་། རྒྱུ་སྐར་ཉེར་བརྒྱད་སོགས་སྐར་མ་ཐམས་ཅད་དོ། །འོག་གི་ཀླུ་ས་བདག་སྟེ་ཀླུ་ཆེན་བརྒྱད་ཀླུའི་རིགས་འཛིན་ལག་པ་ཆེན་པོ་དང་། ས་ཡི་ལྷ་མོ་བརྟན་མ་སོགས་དམ་ཚིག་ཤེས་པ་སྟེ་ལྡན་པའི་ཚོགས་བཅས་ལ། སོ་སོའི་ཕྲིན་ལས་བཞི་ནི་དུས་ཀུན་སྲུང་ཞིང་ཕ་རོལ་གྱི་ཕྲུ་མ་གཞོམ་པ་དང་། དུས་སུ་ཆར་དབབ་པ་ནི་བརྒྱ་བྱིན་གྱི་ཕྲིན་ལས། འབྲས་བུ་དང་མེ་ཏོག་སྨིན་པ་མེ་ལྷའི་འོ། །གནོད་པ་ཐམས་ཅད་ཟློག་ཅིང་དགོས་པ་ཐམས་ཅད་སྒྲུབ་པ་ལ་གེགས་མེད་པར་བྱེད་པ་ནི་དབང་ལྡན་གྱིའོ། །རེ་བ་ཐམས་ཅད་བྱེད་ཅིང་བགེགས་དང་ནད་ཐམས་ཅད་སེལ་བ་ནི་ཉི་ཟླའི་འོ། །འདོད་ཡོན་སྒྲུབ་ཅིང་འཇིག་པ་སྲུང་བ་ནི་ས་ལྷའི་འོ། །ཞི་བ་ནི་ཡུལ་འཁོར་སྲུང་གིའོ། །རྒྱས་པ་ནི་ངལ་བསོས་པོའི་འོ། །མི་ཕྱུགས་ཀྱི་དུས་མ་ཡིན་པར་འཆི་བ་ཟློག་པ་ནི་འཕགས་སྐྱེས་པོའི་འོ། །བདེ་ལེགས་སུ་བྱེད་ཅིང་མུ་སྟེགས་ལ་སོགས་པ་འཇོམས་པ་ནི་མིག་མི་བཟང་གིའོ། །ཡུལ་འཁོར་ཐམས་ཅད་སྐྱོང་ཞིང་འཇིགས་པ་ཐམས་ཅད་ཟློག་པ་ནི་གཟའ་དང་རྒྱུ་སྐར་ལ་སོགས་སོ། །ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:ཕྱོགས་སྐྱོང་བཅུ་

|; |@@@ | | }}