38665

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱོགས་སྐྱོང་བཅོ་ལྔ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། ཕྱོགས་སྐྱོང་བཅོ་ལྔ་ལ་རྡོ་རྗེ་མཚོན་ཆ་སོགས་ཀྱི་མིང་གིས་བཏགས་པ་ནི། སྔོན་རྡོ་རྗེ་འཆང་གིས་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བའི་གསང་མཚན་དུ་བཏགས་པ་ཡིན་ནོ། །གཏོར་མ་འབུལ་ཚུལ་ནི་རྡོ་རྗེ་གསོར་དྲིལ་བུ་གསིལ་ཞིང་། གཏོར་མ་རྣམས་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་མོས་ནས། ཡི་གེ་འབྲུ་གསུམ་གྱི་བར་དུ་ལྷ་རང་རང་གི་མཚན་སྔགས་ས་བོན་དང་བཅས་པ་སྤེལ་ནས་ཕུལ་བའི་མཐར། སརྦ་དུ། ཞེས་སོགས་བརྗོད་པར་དཀྱིལ་ཆོག་རྡོ་རྗེ་འཕྲེང་བར་བཤད། སྔགས་དོན་ལ་ཨོཾ་གྱི་དོན་བཤད་ཟིན། སརྦ་དུ་ཥྚཾ་ཞེས་སོགས་ནི་འཕྲིན་ལས་འཆོལ་བའི་ཚིག་ཡིན་ནོ། །ཕྱོགས་སྐྱོང་བཅོ་ལྔ་ལ་གཏོར་མ་འབུལ་བའི་ཚིགས་བཅད་འདི་རྣམས་དཀྱིལ་ཆོག་རྡོ་རྗེ་འཕྲེང་བར་སྔགས་སུ་ཡོད་པ་བཤད་རྒྱུད་རྡོ་རྗེ་འཕྲེང་བར་ཚིགས་བཅད་དུ་བཀྲོལ་བ་ནི། ཨོཾ་ཨཱཿདུས་གསུམ་སྐྱེས་པ་ཀུན་དང་ཕྱོགས་བཅུ་ཡི། །ཞེས་པ་ནས། ཞི་བ་དང་ནི་བསྲུང་བར་མཛད་དུ་གསོལ། །ཞེས་པའི་བར་རྣམས་ཡིན་ལ། དེ་དག་གི་དོན་ནི། རྡུལ་ཕྲ་རབ་ཚོགས་པ་ལས་སྐྱེས་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་འདི་རྣམས་ཆོས་ཅན། བདེན་པས་སྟོང་པ་ཡིན་ཏེ། ཕན་ཚུན་གཅིག་གི་ནང་དུ་གཅིག་སོན་པ་སྟེ་ཕན་ཚུན་ལྟོས་ནས་གྲུབ་པ་ཡིན་པའི་ཕྱིར། དེ་དག་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སྐྱོང་བར་ཞལ་གྱིས་བཞེས་པ་ནི་འདི་ལྟ་སྟེ། རྡོ་རྗེ་མཚོན་ཆ་སྒྱུ་མ་རྡོ་རྗེ་དང་། །ཞེས་པ་ནས། ས་ཡི་ལྷ་མོ་འཁོར་དང་བཅས་པ་ལ། །ཞེས་པའི་བར་གྱིས་ཕྱོགས་སྐྱོང་རྣམས་ཀྱི་མིང་ཚིག་དེ་བསྟན། མེ་ཏོག་དག་དང་བདུག་པ་མར་མེ་དང་། །ཞེས་པ་ནས། སོ་སོར་བཞེས་ཞིང་ཉེ་བར་ལོངས་སྤྱོད་ལ། །ཞེས་པའི་བར་གྱིས་ཆུ་བཞི་ཉེར་སྤྱོད་རོལ་མོ་གཏོར་མ་དང་བཅས་པ་འབུལ་བར་བསྟན། བདག་གི་དབྱིག་གསེར་ནོར་འབྲུ་ལང་ཚོ་ཚེ། །ཞེས་པ་ནས། ཞི་བ་དང་ནི་བསྲུང་བར་མཛད་དུ་གསོལ། །ཞེས་པའི་བར་གྱིས་འཕྲིན་ལས་འཆོལ་བ་དེ་བསྟན། གཏོར་མའི་བསྐྱེད་ཆོག་བོད་ཀྱི་བླ་མ་སྔ་མ་རྣམས་ཀྱི་ལུགས་ལ་མི་འདྲ་བ་མང་དུ་ཡོད་ཀྱང་། རང་ལུགས་ནི། རྩ་རྒྱུད་ལེའུ་དྲུག་པ་ལས་གསུངས་པ་ལྟར། གླང་པོའི་ཤ་དང་རྟ་ཡི་ཤ།།ཤ་ཆེན་དག་ཀྱང་བཟའ་བྱ་ཞིང་། །སྔགས་རྣམས་ཀུན་ལ་དབུལ་བར་བྱ། །དེ་ལྟར་བྱས་ན་མགོན་པོ་མཉེས། །ཉིན་རེ་རྡོ་རྗེ་སློབ་དཔོན་ལ། །མཁས་པས་དཀྱིལ་འཁོར་བསྟན་པར་བྱ། །བཤང་གཅི་ཤ་ཡི་བྱ་བ་དང་། །རྡོ་རྗེ་གསང་བའི་ཚིག་དག་གིས། །སྔགས་རྣམས་ཀུན་ལ་ཡི་གེ་ཨོཾ། །བསྒོམས་ན་དེ་མ་ཐག་ཏུ་འབར། །ཞེས་གསུངས་པ་ལས་བརྩམས་ཏེ། རྒྱུད་ཕྱི་མ་ལས་གསུངས་པ་ལྟར་འདིར་བཀོད་པ་ཡིན་ནོ། །རྒྱུད་ཕྱི་མ་ལས་གསུངས་ཚུལ་ནི། དེ་ཉིད་ལས། བདུད་རྩི་ལྔ་རྣམས་ཇི་ལྟར་བཟའ། །དེ་བཞིན་དཔའ་བོ་ལྔ་གང་ལགས། །ཞེས་ཞུས་པའི་ལན་དུ། ཐ་མལ་ལུས་ཀྱི་ཆོས་ལ་ནི། །དྲི་མ་རྣམ་ལྔར་སྣང་བ་ཡི། །ཡེ་ཤེས་ལྔ་ཡི་བྱིན་བརླབས་པས། །བདུད་རྩི་ལྔ་ཞེས་བྱ་བར་བཤད། །ཅེས་གསུངས། དེའི་དོན་ནི། ཐ་མལ་གྱི་ཆོས་ཞེས་པ། ཐ་མལ་པ་ལ་བཤང་གཅི་ལ་སོགས་པ་ལྔ་པོ་དེ་དྲི་མ་ཅན་ཡིན་ཞིང་། ཡེ་ཤེས་ལྔའི་ངོ་བོར་བསྐྱེད་པའི་སྒྲུབ་པ་པོ་ལ་བདུད་རྩིར་འགྱུར་བ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:ཕྱོགས་སྐྱོང་བཅོ་ལྔ་

|; |@@@ | | }}