38666

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱོགས་སྐྱོང་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། མཆོད་རྟེན་བརྒྱད་ལ་གནས་པའི་ཕྱོགས་སྐྱོང་བརྒྱད་ནི། ཤར་དུ་བརྒྱ་བྱིན་དཀར་པོ་གླང་པོ་ཆེ་ལ་ཞོན་ནས་རྡོ་རྗེ་འཛིན་པ། ལྷོར་གཤིན་རྗེ་སྔོ་ནག་མ་ཧེ་ལ་ཞོན་ནས་ཐོད་དབྱུག་འཛིན་པ། ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་ལ་ཞོོན་ནས་སྦྲུལ་ཞགས་འཛིན་པ། བྱང་དུ་གནོད་སྦྱིན་སེར་པོ་རྟ་དམར་ལ་ཞོན་ནས་དབྱུག་ཏོ་འཛིན་པ། ཤར་ལྷོར་མེ་ལྷ་དམར་པོ་ར་སྐྱེས་དཀར་པོ་ལ་ཞོན་ནས་བགྲང་ཕྲེང་དང་རིལ་བ་སྤྱི་བླུགས་འཛིན་པ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ་རོ་ལངས་ལ་ཞོན་ནས་རལ་གྲི་ཐོགས་པ། ནུབ་བྱང་དུ་རླུང་ལྷ་ལྗང་སྔོན་ཤ་བ་ལ་ཞོན་ནས་བ་དན་ཕྱར་བ། བྱང་ཤར་དུ་དབང་ལྡན་དཀར་པོ་ཁྱུང་མཆོག་ལ་ཞོན་ནས་རྩེ་གསུམ་འཛིན་པ། ཀུན་ཀྱང་རྒྱན་སྣ་ཚོགས་པས་བརྒྱན་ཅིང་རང་དང་འདྲ་བའི་རིག་མས་གཡོན་ནས་འཁྱུད་ཅིང་མཆོད་རྟེན་རྣམས་ཀྱི་གཡོན་ངོས་སུ་གནས་པའོ། །
Domain ཆོས་ལུགས།

{{#arraymap:ཕྱོགས་སྐྱོང་བརྒྱད་

|; |@@@ | | }}