38701
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་མཚན་ལྡན་གྲོགས་ལ་བསྙེན་པ་ཞེས་སྟེ། བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་མཚན་ལྟས་བཟང་བའི་གྲོགས་དང་སློབ་མ་བཙལ་ཅིང་བསྟེན་པའི་དོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། སེར་མོ་མཛེས་ལྡན་ཚིག་མཁས་པ། སྒམ་འཁྱེར་ཆགས་ཤེས་ཕྱྭ་སྨན་གྲོགས། ཞེེས་པས། དེ་ལ་ཡང་ངོ་བོའམ་མཚན་ཉིད་བསྟན་ཏེ། ལུས་མདངས་སོགས་སེར་ལ་མཛེས་སྡུག་དང་ལྡན་པ་སྨྲ་བའི་ཚིག་མཁས་ཤིང་བློ་རིག་གྲུང་པ། ཆགས་བཞག་གི་ཚོད་ཐིག་ཤེས་པའི་རིགས་མ་ལ་བྱའོ། །དེ་ལ་ཕྱྭ་སྨན་ཞེས་སྨོས་པ་ནི་ཚུལ་སྤྱོད་ཀྱི་སྒོ་ནས་བརྗོད་པར་མངོན་ནོ། ། |
| Domain | ཆོས་ལུགས། |