From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྲ་མ་ (1)
| Part of speech
|
མིང་ཚིག
|
| Definition
|
མཛའ་གྲོགས་སོགས་ཀྱི་བར་ལ་དཀྲུག་ཤིང་རྒྱག་པའི་དོན།
|
| Example
|
གྲོགས་པོའི་བར་ལ་ཕྲ་མའི་ལས་མ་བྱེད། ཕྲ་མའི་ཚིག ཕྲ་མ་བྱེད་མཁན་ལྟ་བུ།
|
ཕྲ་མ་ (2)
| Part of speech
|
མིང་ཚིག
|
| Definition
|
ཕྲ་མ་ནི་ཕ་རོལ་པོ་དབྱེ་བའི་ཕྱིར་ཉོན་མོངས་ཅན་གྱི་སེམས་ཀྱིས་ཀུན་ནས་བསླངས་པའི་ཚིག་བདེན་པའམ་མི་བདེན་པ་བསམ་བཞིན་དུ་མ་ནོར་བར་མངོན་པར་བརྗོད་པ་གཞན་གྱིས་གོ་བའོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། ཕྲ་མ་ནི་ཕ་རོལ་པོ་དག་དབྱེ་ཞིང་མི་མཛའ་བར་བྱ་བའི་ཕྱིར་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཀུན་ནས་བསླང་བའི་ཚིག་སྨྲ་བ་སྟེ་ཚིག་དོན་མངོན་པར་གོ་བ་དང་མ་ནོར་བ་ཞེས་འདིར་ཡང་སྦྱར་རོ། །དེ་ལ་བདེན་པ་བརྗོད་ན་ཕྲ་མ་ཙམ་དང་མི་བདེན་པ་སྨྲས་ན་རྫུན་དང་གཉིས་ཀར་འགྱུར་རོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
|
| Domain
|
ཆོས་ལུགས།
|