38723
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་རྒྱུད། ཕྲ་མེན་མ་རྣམས་ནི། ཤར་དུ་དཀར་མོ་གཡས་རྩེ་གསུམ་འཛིན་པ། ལྷོར་སེར་མོ་གཡས་ཁ་ཏྭཱཾ་ག ནུབ་ཏུ་དམར་མོ་གཡས་དབྱུག་པ། བྱང་དུ་ལྗང་གུ་གཡས་བ་དན་འཛིན་པ། བཞི་ཀའང་གཡོན་ཐོད་པ་ཐོགས་ཤིང་གར་བྱེད་པའི་ཚུལ་གྱིས་གནས་པའོ། །དཔེ་ཁ་ཅིག་ན་ཙརྩི་ཀཱ། གོ་རཱི། མ་ཏངྒི། ཙ་མུཎྜི་ཟེར་བའང་འདུག དེ་རྣམས་སངས་རྒྱས་ཉིད་འཇིག་རྟེན་པས་འདུལ་བའི་སེམས་ཅན་རྣམས་ལ་དེ་དང་དེའི་རྣམ་པར་སྤྲུལ་ནས་གདུལ་བ་སོ་སོའི་དོན་མཛད་པའོ། །ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |