38724

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྲ་མེན་རང་བསྲུང་གནམ་ལྕགས་རྡོ་རྗེའི་གོ་ཁྲབ་འཇིགས་བྱེད་མེའི་སྤུ་གྲིའི་ལས་ཚོགས་ཟབ་མོ་ (1)
Part of speech མིང་ཚིག
Definition རྟ་མགྲིན་གསང་བ་འདུས་པ་ལས། ཕྲ་མེན་རང་བསྲུང་གནམ་ལྕགས་རྡོ་རྗེའི་གོ་ཁྲབ་འཇིགས་བྱེད་མེའི་སྤུ་གྲིའི་ལས་ཚོགས་ཟབ་མོ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཨོ་རྒྱན་ཆེན་པོའི་བཀའ་བཞིན་བཙུན་པ་རྒྱལ་བ་མཆོག་དབྱངས་ཀྱིས་འགོད་པར་བྱའོ༔ ༔ཞེས་གསལ། གཏེར་ཆེན་རཏྣ་གླིང་པས་གནམ་སྐས་བྲག་ནས་གདན་དྲངས། འདིའི་ནང་དོན་ལ། ཕྲ་མེན་བསྲུང་བའི་འཁོར་ལོ་ལུས་ལ་བཏགས་པ་དང། རྡོ་དྲིལ་གྱི་སྦྱོར་བས་ཉེས་པ་འགྲོལ་བ། ལག་ལེན་ཞལ་ཁྲིད་བྱས་ཏེ་གནད་དང་ཡོན་ཏན་བསྟན་པ་གསུམ་གྱི་སྒོ་ནས་ཕ་རོལ་གྱི་སྦྱོར་བ་ངན་པ་བཟློགས་ཤིང་བཤིག་པར་བྱེད་པ་དང། རང་གིས་བྱས་པ་ཐམས་ཅད་ཚུར་ལ་མི་ལྡོག་ཅིང་ཕར་ལ་ཐེབ་པར་བྱེད་པའི་བསྲུང་བ་རྡོ་རྗེའི་གོ་ཁྲབ་བསྟན།