38734

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྲ་ཞིང་ཟབ་མོ་གླེང་གཞིའི་རྣམ་པ་ལ་འཇུག་པའི་ཆོས་ཀྱི་སྒོ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། མཉམ་པ་དང་གྱ་གྱུ་ཅན་ཐམས་ཅད་ཀྱི་གླེང་གཞི་ཞེས་བྱ་བའི་ཆོས་ཀྱི་སྒོ། རོ་བྲོ་བ་ཐམས་ཅད་ལ་རབ་ཏུ་དགའ་བ་ཞེས་བྱ་བའི་ཆོས་ཀྱི་སྒོ། གཞུང་ལུགས་ལ་རྣམ་པར་རྩེ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། རྒྱས་པར་འདོད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། རྒྱས་པ་ལ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། ལུས་ལ་རབ་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། སྡུག་ཅིང་དང་བའི་སྤྱོད་ལམ་ལ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། འཕགས་པས་རབ་ཏུ་བརྒྱན་པའི་དུས་ཚོད་ཀྱི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། དྲི་མའི་སྙིང་པོ་དྲི་མ་མེད་པར་བྱེད་པའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་སྒོ། དམིགས་པའི་རྣལ་འབྱོར་གྱི་དགེ་བས་མངོན་པར་ཚིམ་པར་ཞེས་བྱ་བའི་ཆོས་ཀྱི་སྒོའོ། །
Domain ཆོས་ལུགས།