38752

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྲ་རྒྱས་དྲུག་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཕྲ་རྒྱས་དེ་ཡང་དབྱེ་ན་དྲུག་སྟེ། ཉེར་ལེན་གྱི་ཕུང་པོ་ལ་ཞེན་པའི་འདོད་ཆགས་དང། དེ་ལ་ཀུན་ནས་མནར་སེམས་པའི་ཁོང་ཁྲོ་དང། ང་རྒྱལ་དང། མ་རིག་པ་དང། ལོག་པར་ངེས་པར་རྟོག་པ་ལྟ་བ་དང། རྩེ་གཉིས་སུ་འཇུག་པའི་ཐེ་ཚོམ་རྣམས་ཏེ། དེ་བཞིན་ཞེས་པ་འདོད་ཆགས་ཀྱི་དབང་གིས་གཞན་ལྔ་པོ་དག་དམིགས་པ་ལས་སུ་རྒྱས་པར་འགྱུར་བ་ཤེས་པར་བྱ་བའི་དོན་ནོ། །ཕྲ་རྒྱས་དེ་དྲུག་ཀྱང་འདོད་ཆགས་ལ་འདོད་པའི་དང་། སྲིད་པའི་འདོད་ཆགས་གཉིས་སུ་དབྱེ་བས་བདུན་དུ་མདོ་ལས་བཤད་དོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། ཉེར་ལེན་གྱི་ཕུང་པོ་ལ་ཞེན་པར་འཇུག་པ་ནི་འདོད་ཆགས་དང། དེ་བཞིན་ཞེས་པས་འདོད་ཆགས་གང་ལ་དམིགས་ཤིང་རྒྱས་སུ་རུང་བ་དེ་ལ་ཁོང་ཁྲོ་ལ་སོགས་པ་གཞན་དག་ཀྱང་དམིགས་ཤིང་རྒྱས་སུ་རུང་བར་སྟོན་པས་དེ་ལ་མནར་སེམས་པ་ཁོང་ཁྲོ་དང། དེ་ལ་རློམ་ཞིང་ཁེངས་པ་ང་རྒྱལ་དང། དེའང་བདེན་པ་ལ་མི་གསལ་བར་འཇུག་པ་མ་རིག་པ་དང། དེ་ལ་ལོག་པར་རྟོག་པ་ལྟ་བ་དང། དེ་ལ་མཐའ་གཞན་དུ་དོགས་པ་ཐེ་ཚོམ་ཡིན་ནོ། །ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།