From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྲ་རྒྱས་བདུན་ (1)
| Part of speech
|
མིང་ཚིག
|
| Definition
|
ཆོས་མངོན་པའི་མཛོད་ཀྱི་བཤད་པ་མཛོད་གནས་ལྔ་པ་ལས་བྱུང་བ་སྟེ། འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས། ཁོང་ཁྲོ་བའི་ཕྲ་རྒྱས། སྲིད་པའི་འདོད་ཆགས་ཀྱི་ཕྲ་རྒྱས། ང་རྒྱལ་གྱི་ཕྲ་རྒྱས། མ་རིག་པའི་ཕྲ་རྒྱས། ལྟ་བའི་ཕྲ་རྒྱས། ཐེ་ཚོམ་གྱི་ཕྲ་རྒྱས་སོ། །ཕྲ་རྒྱས་བདུན་དུ་དབྱེ་ཚུལ་ཡོད་དེ། འདོད་ཆགས་ལ་འདོད་པའི་འདོད་ཆགས། སྲིད་པའི་འདོད་ཆགས་གཉིས་སུ་ཕྱེ་ནས་དེ་ལྟར་དུ་འགྱུར་བ་ཡིན་པའི་ཕྱིར། འོ་ན་སྲིད་པའི་འདོད་ཆགས་དེ་ཇི་ལྟ་བུ་ཞེ་ན། དེ་སྟོན་པ་ལ། ཁམས་གཉིས་ལས་སྐྱེས་སྲིད་འདོད་ཆགས། །ཞེས་གསུངས། དེའི་སྒྲུབ་བྱེད་སྟོན་པ་ལ། ཁ་ནི་ནང་དུ་བལྟས་ཕྱིར་དེར། །ཐར་པའི་འདུ་ཤེས་བཟློག་ཕྱིར་བཤད། །ཅེས་གསུངས། སྲིད་པའི་འདོད་ཆགས་བཤད་དུ་ཡོད་དེ། ཁམས་གོང་མ་གཉིས་ཀྱི་སས་བསྡུས་ཀྱི་འདོད་ཆགས་དེ་ཡིན་པའི་ཕྱིར། དེ་གཉིས་སྲིད་པའི་འདོད་ཆགས་ཞེས་གཅིག་ཏུ་བསྡུས་པའི་རྒྱུ་མཚན་ཡོད་དེ། དེ་དག་ཕལ་ཆེར་སྙོམས་འཇུག་ལ་ཆགས་པས་ཁ་ནང་བལྟས་ཀྱི་མཉམ་གཞག་ཡིན་པས་དེ་ལྟར་བཤད་པའི་ཕྱིར། དེའི་དགོངས་པ་ཡོད་དེ། ཁམས་གོང་གི་སྙོམས་འཇུག་ཐོབ་པ་ན་ཐར་པ་ཐོབ་སྙམ་པའི་འདུ་ཤེས་སྐྱེ་སྲིད་པ་དེ་བཟློག་པའི་ཆེད་ཡིན་པའི་ཕྱིར།
|
| Domain
|
ཆོས་ལུགས།
|
ཕྲ་རྒྱས་བདུན་ (2)
| Part of speech
|
མིང་ཚིག
|
| Definition
|
ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བའི་མཛོད་གནས་གསུམ་པ་ལས་བྱུང་བ་སྟེ། འདོད་པའི་འདོད་ཆགས་ཀྱི་ཕྲ་རྒྱས། གནོད་སེམས་ཀྱི་ཕྲ་རྒྱས། སྲིད་པའི་འདོད་ཆགས་ཀྱི་ཕྲ་རྒྱས། ང་རྒྱལ་གྱི་ཕྲ་རྒྱས། མ་རིག་པའི་ཕྲ་རྒྱས། ལྟ་བའི་ཕྲ་རྒྱས། ཐེ་ཚོམ་གྱི་ཕྲ་རྒྱས་སོ། །
|