38757
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། མཛོད་ནས་བཤད་པའི་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་པོ་དེ་དག་ལས་ལུང་མ་བསྟན་ཡིན་པ་རྣམས་ཏེ། གོང་མ་གཟུགས་དང་གཟུགས་མེད་ན་སྤྱོད་པ་ཕྲ་རྒྱས་ཐམས་ཅད་ནི་རྣམ་སྨིན་ཡིད་དུ་མི་འོང་བ་མི་སྐྱེད་པའི་ཉོན་མོངས་ཅན་ཡིན་པའི་ཕྱིར་ན་ལུང་མ་བསྟན་ཡིན་ལ། འདོད་ན་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་དེ་དག་དང་ལྷན་ཅིག་སྟེེ་མཚུངས་ལྡན་གྱི་མ་རིག་པ་ལུང་མ་བསྟན་ཡིན་ཏེ། འཇིག་ཚོགས་ལ་ལྟ་བས་བདག་བདེ་བའི་ཕྱིར་སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་བར་བྱེད་པའི་ཕྱིར་དང་། མཐར་འཛིན་ལྟ་བའི་ཆད་ལྟ་ཡང་ཐར་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། ཕྱི་རོལ་པའི་ལྟ་བར་གྱུར་པ་རྣམས་ཀྱི་ནང་ན་ནི་འདི་ལྟ་སྟེ། བདག་མེད་པར་གྱུར་ཅིག བདག་གི་མེད་པར་གྱུར་ཅིག བདག་འབྱུང་བར་མ་གྱུར་ཅིག བདག་གི་འབྱུང་བར་མ་གྱུར་ཅིག ཅེས་བྱ་བའི་ལྟ་བ་འདི་མཆོག་ཡིན་ནོ་ཞེས་གསུངས་སོ། །གཞན་ཡང་ལྟ་བ་འདི་གཉིས་ནི་རང་གི་རྫས་ལ་ཀུན་ཏུ་རྨོངས་པའི་ཕྱིར་དང་། ཕ་རོལ་པོ་ལ་གནོད་པའི་རྣམ་པར་ཞུགས་པ་མ་ཡིན་པའི་ཕྱིར་རོ། །མཐོ་རིས་ལ་སྲེད་པ་དང་། ངའོ་སྙམ་པའི་ང་རྒྱལ་དག་ཀྱང་དེ་ལྟར་ཐལ་བར་འགྱུར་རོ། །སྔོན་གྱི་སློབ་དཔོན་རྣམས་ན་རེ། ལྷན་ཅིག་སྐྱེས་པའི་ཚོགས་ལ་ལྟ་བ་རི་དྭགས་དང་བྱ་རྣམས་ལ་ཡང་ཡོད་པ་གང་ཡིན་པ་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །རྣམ་པར་བརྟག་པ་ནི་མི་དགེ་བ་ཡིན་ནོ་ཞེས་ཟེར་རོ། ། |
| Domain | ཆོས་ལུགས། |