38764

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྲ་རྒྱས་སྤོང་ཚུལ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མཐོང་སྤང་ནི་རིས་དང་པོ་གཉིས་རང་ས་ལ་དམིགས་པ་དང་། འགོག་ལམ་མཐོང་སྤང་ཟག་མེད་ལ་དམིགས་པ་རྣམས་དམིགས་པ་བདེན་བཞིའི་རང་མཚན་ཤེས་པ་ཉིད་ཀྱིས་སྤོང་སྟེ། ཐོ་ཡོར་དུ་ཤེས་པ་ཉིད་ཀྱིས་མིར་འཛིན་པ་བཟློག་པ་བཞིན་ནོ། །འདོད་པའི་ཀུན་འགྲོ་གོང་དུ་དམིགས་པ་དགུ་ནི། གོང་མའི་བདེན་པ་མ་ཤེས་ཀྱང་དེ་རྣམས་ལ་དམིགས་པའི་རང་སའི་སྐལ་བ་མཉམ་པའི་ཀུན་འགྲོ་རྣམས། ཡང་དག་པར་ཟད་པས་སྤོང་པ་དང་། འགོག་ལམ་མཐོང་སྤང་ཟག་བཅས་ལ་དམིགས་པ་རྣམས་རང་གི་དམིགས་པ་ཟག་མེད་ཀྱི་ཡུལ་གྱི་ཕྲ་རྒྱས་རྣམས་སྤངས་པས་སྤོང་སྟེ། ཡུལ་མེད་པ་ན་དེ་རྣམས་ཀྱང་མི་འབྱུང་བས་སོ། །སྤང་ཚུལ་དེ་གསུམ་ཡང་སྔ་ཕྱི་བའི་རིམ་པས་མ་ཡིན་གྱི། དུས་གཅིག་ལ་ལྡོག་པ་ཐ་དད་པས་ཕྱེ་བའོ། །སྒོམ་སྤང་གི་གཉེན་པོ་ཆུང་འབྲིང་དགུར་རིམ་གྱིས་སྐྱེས་པས་སྒོམ་སྤང་ཆེ་འབྲིང་དགུ་རིམ་གྱིས་ཟད་པར་འགྱུར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། ། སྲིད་རྩེའི་སས་བསྡུས་ཀྱི་མཐོང་སྤང་ཉོན་མོངས་རྣམས་མཐོང་ལམ་ཁོ་ནས་སྤོང་བ་ཡིན། སྒོམ་ལམ་གྱིས་སྤོང་པ་མི་སྲིད་དེ། མཐོང་ལམ་གྱི་སྔ་རོལ་སྲིད་རྩེའི་ཉོན་མོངས་སྤོང་བའི་འཇིག་རྟེན་པའི་ལམ་མེད་པ་གང་ཞིག འཇིག་རྟེན་ལས་འདས་པའི་སྒོམ་ལམ་སྐྱེས་པའི་ཚེ་ན་མཐོང་སྤང་མཐའ་དག་སྤངས་ཟིན་པའི་ཕྱིར། ས་ལྷག་མ་བརྒྱད་ཀྱི་མཐོང་སྤང་རྣམས་ནི་མཐོང་ལམ་དང་སྒོམ་ལམ་གཉིས་ཀས་སྤོང་བ་ཡོད་དེ། མཐོང་ལམ་གྱིས་སྤོང་བ་ནི་དཀྱུས་བཞིན་ཡིན་ལ། སྒོམ་ལམ་གྱིས་སྤོང་བ་ནི་མཐོང་ལམ་གྱི་སྔ་རོལ་དུ་ཅི་ཡང་མེད་མན་ཆད་ལ་འདོད་ཆགས་དང་བྲལ་བར་བྱེད་པའི་འཇིག་རྟེན་པའི་སྒོམ་ལམ་གྱིས་འོག་སའི་མཐོང་སྤང་དང་སྒོམ་སྤང་ཅིག་ཅར་དུ་སྤོང་བར་བྱེད་པའི་ཕྱིར། སྒོམ་སྤང་ཉོན་མོངས་ནི་སྒོམ་ལམ་ཁོ་ནས་སྤོང་བ་ཡིན་ཏེ། ཅི་ཡང་མེད་མན་ཆད་ཀྱི་སྒོམ་སྤང་ནི་མཐོང་ལམ་གྱི་སྔ་རོལ་དུ་སོ་སྐྱེའི་སྒོམ་ལམ་གྱིས་སྤོང་བ་ཡོད་ཅིང་། མཐོང་ལམ་ཐོབ་རྗེས་སུ་འཕགས་རྒྱུད་ཀྱི་འཇིག་རྟེན་སྒོམ་ལམ་དང་། འཇིག་རྟེན་ལས་འདས་པའི་སྒོམ་ལམ་ཅི་རིགས་པས་སྤོང་བ་ཡོད། སྲིད་རྩེའི་སྒོམ་སྤང་ནི་ཟག་མེད་ཀྱི་སྒོམ་ལམ་ཁོ་ནས་སྤོང་བ་ཡིན་པའི་ཕྱིར། འཕགས་པའི་གང་ཟག་གིས་འཇིག་རྟེན་པའི་ལམ་གྱིས་སྒོམ་སྤང་སྤོང་བ་ནི་བསམ་གཏན་གཉིས་པའི་ཉེར་བསྡོགས་སོགས་གོང་མའི་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་དང་། དང་པོའི་ཉེར་བསྡོགས་དག་པ་ལ་བརྟེན་ནས་སྤངས་པ་འཇིག་རྟེན་པའི་ལམ་གྱི་སྤོང་བར་འཇོག་སྟེ། དགོས་པ་ནི་ཉེར་བསྡོགས་དེ་སྐྱེ་སླ་བས་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།