38775
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅོ་ལྔ་པའི་དཀྱིལ་དུ་ཤར་ཕྱོགས་དྭགས་པོའི་ཕྱོགས་སུ་འཁྲུངས། ཆུང་དུས་ནས་ཡིག་རྩིས་སོགས་ཐ་སྙད་རིག་གནས་ལ་སྦྱངས། ཟུར་མཁར་མཉམ་ཉིད་རྡོ་རྗེ་བསྟེན། གསོ་རིག་གཞུང་ལ་སྦྱངས་པ་མཛད། སྐུ་ཚེ་གང་བོར་གསོ་རིག་གི་ཁྲིད་རྒྱུན་སྤེལ། མཚོ་སྨད་མཁན་ཆེན་གྱིས་མཛད་པའི་ཁོག་འབུགས་ལེགས་བཤད་དངུལ་དཀར་མེ་ལོང་གི་མཇུག་ཏུ་དེ་ཟུར་མཁར་མཉམ་ཉིད་རྡོ་རྗེ་ཡི་ཐུགས་སྲས་དམ་པ་ཕྲག་དབོན་པས། ཕྱི་རྒྱུད་དཔར་བཞེངས་བཤད་ཉན་རྒྱུན་གྱིས་ནི། གངས་ཅན་གནས་འདིར་གསོ་རིག་བསྟན་པ་ཡི། རྒྱལ་མཚན་བཟུང་ཞིང་འགྲོ་བ་ནད་པའི་ཚོགས། དུས་མིན་འཆི་བདག་གཡུལ་ལས་རྒྱལ་བ་དང་། རྣམ་དག་བསླབ་པའི་ཁྲིམས་ལས་མི་གཡེལ་བའི། ཆོས་སྤྱོད་བཅུ་དང་རིམ་གཉིས་ཟབ་མོ་ཡིས། ཉིན་མཚན་གཡེལ་བ་མེད་པར་དོན་ལྡན་མཛད། ཅེས་གསུངས། |