38804

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྲན་བུ་སྣ་ཚོགས་པའི་སྡེ་བཅོ་བརྒྱད་ (1)
Part of speech མིང་ཚིག
Definition ༡ མགོ་རུས་འབྲུད་པའི་ཆ་བྱད་ཀྱི་སྡེ། ༢ རུས་པ་བྲེག་བྱེད་ཀྱི་སོག་ལེའི་སྡེ། ༣ རྩ་རྒྱུས་གཅོད་བྱེད་ཀྱི་ཆན་པའི་སྡེ། ༤ རུས་པ་འབུག་བྱེད་ཀྱི་གསོར་གྱི་སྡེ། ༥ ཆ་བྱད་བེ་ལེ་ཁའི་སྡེ། ༦ མངལ་ཐུར་གྱི་སྡེ། ༧ ཆ་བྱད་སྦྲུལ་མགོའི་སྡེ། ༨ འཕྲུལ་ཐུར་གྱི་སྡེ། ༩ སོ་སྲིན་བསྲེག་པའི་རྩེ་ཀྱོག་གི་སྡེ། ༡༠ ཁ་སྣར་དུ་བ་རྔུབ་པའི་ཆ་བྱད་ཀྱི་སྡེ། ༡༡ སྦུབས་ཅན་ཐེམ་བུ་ཁའི་སྡེ། ༡༢ ཆ་བྱད་གཅེའུའི་སྡེ། ༡༣ རྨ་བཀྲུའི་གཅེའུའི་སྡེ། ༡༤ རྔབས་རྭའི་སྡེ། ༡༥ མེ་བུམ་གྱི་སྡེ། ༡༦ སྤུ་གྲིའི་སྡེ། ༡༧ ཏེལ་པའི་སྡེ། ༡༨ ཤ་པགས་བཙེམ་བྱེད་ཁབ་ཀྱི་སྡེ་བཅས་སོ། །
Domain གསོ་རིག