38825

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྲིན་ལས་ཀྱི་བདག་པོའི་དབང་གི་སྣོད་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་བསྒྲུབ་བྱའི་ཡི་དམ་གང་གི་བསྙེན་བསྒྲུབ་ཀྱི་ལས་རིམ་གང་ལ་རང་གཞན་གྱི་དོན་དུ་བརྩོན་པ་དང་སྤེལ་ཆོག་པའི་དབང་ངམ་གནང་བ་སྦྱིན་སའི་སྐལ་ལྡན་གྱི་སྣོད་དེ་བསྟན་པ་སྟེ། རྫུ་འཕྲུལ་དྲྭ་བ་ལས། ཆེ་བའི་ཡོན་ཏན་རྟགས་འབྱིན་ཞིང་། བསྒྲུབས་པའི་གྲུབ་རྟགས་མཚན་མར་སྟོན། ཕྲིན་ལས་བདག་པོར་དབང་བསྐུར་རོ། །ཞེས་པས། དེ་ཡང་སྐལ་ལྡན་གཤེན་པོ་དེས་ཀྱང་ཡི་དམ་གང་ལ་དད་འདུན་གྱི་སྒོ་ནས་བསྙེན་བསྒྲུབ་ཀྱི་ཕྲིན་ལས་རྟག་ཏུ་བརྩོན་པ་ལས། ཆེ་བའི་ཡོན་ཏན་སྤངས་རྟོགས་སོགས་ཀྱི་རྟགས་མངོན་པར་འབྱིན་ཞིང་། བསྒྲུབས་པས་ཀྱང་གྲུབ་རྟགས་ཀྱི་མཚན་མ་དངོས་སུ་སྟོན་ཞིང་གཞུང་གི་ཕྲིན་ལས་ལ་གོམས་ཤིང་མངའ་བསྙེམས་པ་ཞིག་ཏུ་དགོས་པར་བཤད་དོ། །
Domain ཆོས་ལུགས།