38830

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྲིན་ལས་ཉེར་བདུན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ༡ འགྲོ་བ་རྣམས་ངན་སོང་གསུམ་གྱི་སྡུག་བསྔལ་ཞི་བར་བྱས་ནས་བདེ་འགྲོའི་རྟེན་ལ་འགོད་པ་དང། ༢ བདེ་འགྲོ་བ་རྣམས་བསྡུ་བ་རྣམ་བཞིའི་སྒོ་ནས་ཚོགས་ལམ་ལ་འགོད་པ་དང། ༣ ཀུན་ནས་ཉོན་མོངས་སྤང་བྱ་དང་རྣམ་བྱང་བླང་བྱར་བྱས་པའི་རྟོགས་པ་ལ་འགོད་པ་དང། ༤ གཞན་དོན་ཇི་ལྟ་བ་བཞིན་བྱེད་པར་འདོད་པའི་བྱམས་སོགས་ཚད་མེད་བཞི་ལ་འགོད་པ་དང། ༥ རང་དོན་ཕར་ཕྱིན་དྲུག་གི་སྤྱོད་པ་ལ་འགོད་པ་དང། ༦ གཉིས་དོན་གྱིས་སྤྱོད་པ་སངས་རྒྱས་ཀྱི་ལམ་ཐབས་ཤེས་བཟུང་འབྲེལ་གྱི་དགེ་བ་ལ་འགོད་པ་དང། ༧ གཟུང་འཛིན་རང་བཞིན་གྱིས་སྟོང་པ་ཉིད་དུ་རྟོགས་པའི་སྦྱོར་ལམ་ལ་འགོད་པ་དང། ༨ གཟུང་འཛིན་གཉིས་བྲལ་གྱི་ཆོས་ཉིད་དང་པོར་མངོན་སུམ་དུ་མཐོང་བའི་མཐོང་ལམ་ལ་འགོད་པ་དང། ༩ ཚུལ་ཁྲིམས་ལ་སོགས་པའི་ཆོས་ཐམས་ཅད་བརྡར་བཏགས་པ་ཙམ་དུ་རྟོགས་པ་ས་གཉིས་པ་ནས་ལྔ་པའི་བར་ལ་འགོད་པ་དང། ༡༠ ཤེས་པ་དང་ཤེས་བྱ་དམིགས་པ་མེད་པར་རྟོགས་པའི་ས་དྲུག་པ་ལ་འགོད་པ་དང། ༡༡ ཐབས་ལ་བརྟེན་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ས་བདུན་པ་ལ་འགོད་པ་དང་། ༡༢ སྟོབས་ཀྱི་ཕར་ཕྱིན་ལ་བརྟེན་ནས་ཞིང་སྦྱོང་བའི་བྱང་སེམས་ས་བརྒྱད་པའི་ལམ་ལ་འགོད་པ་དང། ༡༣ མངོན་ཞེན་ལྡོག་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྲུབ་ཏུ་འབྱུང་བ་ལ་འགོད་པ་དང། ༡༤ ཕར་ཕྱིན་དགུ་པ་ལ་བརྟེན་ནས་བྱང་ཆུབ་མྱུར་དུ་ཐོབ་པ་ལ་འགོད་པ་དང། ༡༥ ཡེ་ཤེས་རང་སྣང་ལ་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་སྣང་བའི་ས་བཅུ་པ་ལ་འགོད་པ་དང། ༡༦ ཞིང་འདི་ཞེས་བྱ་བར་དུས་འདི་ཙམ་ན་སངས་རྒྱས་འདི་ཞེས་བྱ་བར་འགྱུར་བའི་ངེས་པ་དང་ལྡན་པ་སྐྱེ་བ་གཅིག་ཐོགས་ཀྱི་བྱང་ཆུབ་སེམས་དཔའ་ལ་འགོད་པ་དང། ༡༧ དེར་ཕྲིན་ལས་ལྷུན་གྱིས་གྲུབ་པས་སེམས་ཅན་གྱི་དོན་ཚད་མེད་པ་བྱེད་པ་ལ་འགོད་པ་དང། ༡༨ སྐད་ཅིག་གཅིག་ལ་ཞིང་མཐའ་ཡས་པར་འགྲོ་ཞིང་སངས་རྒྱས་བརྟེན་པ་ལ་སོགས་པའི་ཡོན་ཏན་ཆེན་པོ་ཐོབ་པ་ལ་འགོད་པ་དང། ༡༩ ཚེ་འདི་ལ་བྱང་ཆུབ་ཆེན་པོ་ཐོབ་ངེས་ཀྱི་ཡན་ལག་སྦྱིན་སོགས་ཁྱད་པར་ཅན་གྱིས་བསྡུས་པའི་ས་བཅུ་པའི་གནས་སྐབས་སྲིད་པ་མཐའ་མ་པ་ལ་འགོད་པ་དང། ༢༠ ཆོས་ཐམས་ཅད་ངོ་བོས་སྟོང་ཡང་ལས་འབྲས་ཆུད་མི་ཟ་བར་རྟོགས་པ་ལ་འགོད་པ་དང། ༢༡ དངོས་པོ་ཐམས་ཅད་ཀྱི་སྟེང་གི་གནས་ལུགས་བདེན་པ་མཐོང་བ་ལ་འགོད་པ་དང། ༢༢ རྟག་སོགས་སུ་འཛིན་པའི་ཕྱིན་ཅི་ལོག་སྤངས་པ་ལ་འགོད་པ་དང། ༢༣ ཕྱིན་ཅི་ལོག་གི་གཞི་དངོས་འཛིན་གྱི་ས་བོན་སྤངས་པའི་ཡེ་ཤེས་ལ་འགོད་པ་དང། ༢༤ དེ་བཞིན་རང་བཞིན་གྱིས་དྲི་མ་རྣམ་པར་བྱང་བར་རྟོགས་པ་ལ་འགོད་པ་དང། ༢༥ རྣམ་བྱང་གི་རྒྱུ་ཚོགས་སྦྱིན་སོགས་རྫོགས་པ་ལ་འགོད་པ་དང། ༢༦ ཆོས་ཅན་འདུས་བྱས་དང་ཆོས་ཉིད་འདུས་མ་བྱས་ངོ་བོ་ཐ་དད་པར་མི་དམིགས་པའི་རྟོགས་པ་ལ་འགོད་པ་དང། ༢༧ ལམ་གྱི་འབྲས་བུ་མི་གནས་པའི་མྱང་འདས་ལ་འགོད་པ་དང་བཅས་པ་མཛད་པ་ཕྲིན་ལས་ཉི་ཤུ་རྩ་བདུན་དུ་ཡོད་པའི་ཕྱིར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།