38841

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྲིན་ལས་མཐར་ཕྱིན་གྱི་ལྷ་བརྒྱད་ (1)
Part of speech མིང་ཚིག
Definition བོན། ཀུན་དབྱིངས་སྐུ་ལྔ་ལྷ་དགུ་ལས་ལྷ་ཆེན་མ་པང་དབྱིངས་ཆེན་གྱི་བཀའ་འཁོར་ཡིན་ཏེ། མདོ་དྲི་མེད་གཟི་བརྗིད་པོད་གསུམ་པ་ལས། ལྷ་ཆེན་དེ་ཡི་བཀའ་འཁོར་ནི། ཕྲིན་ལས་མཐར་ཕྱིན་ལྷ་བརྒྱད་དེ། ཞེས་སོ། །བརྒྱད་ནི། ལྷ་ཆེན་ཡེ་སྲིད་ཕྱྭ་ཆེན། ལྷ་ཆེན་ཡེ་དབང་རྒྱལ་པོ། ལྷ་ཆེན་ཡེ་འབུམ་རྒྱལ་པོ། ལྷ་ཆེན་ཡེ་དག་རྒྱལ་པོ། ལྷ་ཆེན་ཡེ་ཤེས་རྒྱལ་པོ། ལྷ་ཆེན་ཡེ་ཁྱབ་རྒྱལ་པོ། ལྷ་ཆེན་ཡེ་གདལ་ཆེན་པོ། ལྷ་ཆེན་ཡེ་ཁྲི་མཐའ་ཡས་དང་བརྒྱད་དོ། །
Domain ཆོས་ལུགས།