38845
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྟ་མགྲིན་གསང་བ་འདུས་པ་ལས། ཕྲིན་ལས་རྟ་ནག་ལྕགས་རལ་ཅན་གྱི་ལས་ཚོགས་ཕུང་གཏད་ནག་པོའི་ལིངྒ་བརྒྱ་ཤང་དགྲ་བོའི་སྤུ་གྲི། ཞེས་བྱ་བ་སྟེ། ཡིག་ཆུང་འདི་སྙིང་གི་བུ་མིན་གཞན་ལ་གསང་ངོ༔ ༔ཞེས་གསལ། གཏེར་ཆེན་རཏྣ་གླིང་པའི་གཏེར་མའོ། །འདིའི་ནང་དོན་ནི། གུ་རུ་སྲིན་ཡུལ་དུ་གཤེགས་ཁར་མངའ་བདག་མུ་ཏིག་བཙད་པོས་མ་འོངས་པར་གསང་སྔགས་ཀྱི་བསྟན་པ་ལ་དགྲ་བྱུང་ན་ཇི་ལྟར་བྱ་དགོས་ཚུལ་ཞུས་པ་ལ་དེ་དག་འདུལ་བའི་ལས་ཚོགས་བསྟན་པའོ། ། |