From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྲུམ་ཚུད་ (1)
| Part of speech
|
མིང་ཚིག
|
| Definition
|
འོ་མ་དང་དར་བ་བསྐོལ་བའི་སྙིགས་མའི་མིང་སྟེ། འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད་ལས། ཕྲུམ་ཚུད་ནི་འོ་མ་དང་དར་བ་བསྐོལ་བའི་སྙིགས་མ་ཞེས་གསུངས།
|
ཕྲུམ་ཚུད་ (2)
| Part of speech
|
མིང་ཚིག
|
| Definition
|
ཞོའི་སྣོད་ཀྱི་མིང་སྟེ། བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག་ལས། ཕྲུམ་ཚུད་ཅེས་པ་ཞོ་ཡི་སྣོད་ཅེས་གསུངས།
|
| Example
|
ཞོའི་སྣོད་ཀྱི་མིང་སྟེ། བརྡ་གསར་རྙིང་གི་རྣམ་གཞག་བློ་གསལ་ཡིད་འཕྲོག་ལས། ཕྲུམ་ཚུད་ཅེས་པ་ཞོ་ཡི་སྣོད། །ཞེས་གསུངས། འདུལ་བ་གཞི་གླེགས་བམ་དང་པོ་ལས། དེ་དགའ་བ་སྐྱེས་ནས་སྨྲས་པ། ཞོའི་བུམ་པ་དང་ཕྲུམ་ཚུད་འདི་ཁྱོད་སྣོམས་ཤིག དེས་ཕྲུམ་ཚུད་བླངས་ཏེ། ཞོའི་བུམ་པ་ནི་དེ་ཉིད་ལ་བྱིན་ནས་ཕྲུམ་ཚུད་ཁྱེར་ཏེ་སོང་བ་ལས་ཞེས་པ་ལྟ་བུ།
|
| Type
|
བརྡ་རྙིང་།
|