38899
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གསལ་བྱེད་ཀྱི་རྒྱན་གྱི་ནང་གསེས་དགུ་པ་སྟེ། གསལ་བྱེད་ཀྱི་ཚིག་ཐོག་མཐའ་བར་གསུམ་གང་རུང་དུ་ཡོད་ཅིང་། ཕྱི་མ་ཕྱི་མ་རྣམས་རིམ་པ་བཞིན་དུ་སྔ་མ་སྔ་མའི་རྒྱུན་ལ་ལྟོས་པའི་ཕྲེང་བ་སྟར་ཆགས་སུ་བརྒྱུས་པ་ལྟར་གནས་ཤིང་། དེ་ཐམས་ཅད་བྱ་བ་བརྗོད་པའི་ཚིག་གཅིག་གིས་གསལ་བར་བྱེད་པ་ཞིག་ཡིན། |
| Example | བོད་མཁས་པས། འཇམ་མགོན་བླ་མའི་ཐུགས་རྗེ་བདག་གི་བློ། །རབ་ཏུ་རྒྱས་དེས་ལེགས་པར་བཤད་པ་སྟེ། ། དེས་ནི་རྒྱལ་བའི་བསྟན་པ་དེ་ཡིས་ཀྱང་། །རིས་མེད་འགྲོ་བ་ཀུན་གྱི་ཕན་དང་བདེ། །ཞེས་པ་ལྟ་བུ། |
| Domain | རྩོམ་རིག |