38901

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྲེང་བའི་དཔེ་ (1)
Part of speech མིང་ཚིག
Definition དཔེ་རྒྱན་སོ་གཉིས་ཀྱི་ནང་གསེས་ཉེར་བརྒྱད་པ་སྟེ། དཔེ་མང་པོ་བཀོད་པ་དེ་ཡི་སྔ་མ་སྔ་མ་དཔེ་དང། ཕྱི་མ་ཕྱི་མ་དཔེ་ཅན་དུ་བརྗོད་པའི་ཚུལ་གྱིས་དཔེ་དང་དཔེ་ཅན་ཕྲེང་བ་བརྒྱུད་པ་བཞིན་དུ་ཡོད་པ་ཞིག་ཡིན།
Example བོད་མཁས་པས། དབྱར་གྱི་སྤྲིན་ཚོགས་བཞིན་དུ་དེ་ཡིས་ཀྱང་། །ཆར་བཞིན་དེ་མཐུས་ས་གཞིའི་ལོ་ཏོག་བཞིན། ། འབྲུ་བཅུད་སྨིན་པས་སྐྱེ་བོའི་ལུས་སྟོབས་བཞིན། །ཀུན་ནས་རང་གྲོལ་མགོན་དེས་ཐུབ་བསྟན་སྤེལ། །ཞེས་པ་ལྟ་བུ།
Domain རྩོམ་རིག