38902

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྲེང་བའི་ཟ་མ་ཏོག་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཕྲེང་བའི་ཟ་མ་ཏོག་འདི་ནི་འགྲེལ་ཆུང་ལས་ཤིང་རྟའི་མདུན་དུ་བྲེ་འདྲ་བའི་སྒྲོམ་གྲུ་བཞི་བྱས་པ་དེའི་ནང་དུ་མེ་ཏོག་སྣ་ཚོགས་བཞག་ལ་གཏོར་ཞེས་བཤད་དོོ། །སྐབས་འདིར་ཟ་མ་ཏོག་འདིའི་དགོས་པ་ནི་རང་གི་རྣམ་བཤད་དང་ཊཱིཀ་ལས། མེ་ཏོག་ལ་སོགས་པ་གཏོར་བ་དག་ས་ལ་མི་འབབ་པར་བྱ་བའི་ཕྱིར་རོ་ཞེས་གསུངས་སོ། །འོ་ན་ཕྲེང་བའི་ཟ་མ་ཏོག་འདི་ནི་ཤིང་རྟའི་མདུན་གྱི་ས་གཞིའི་སྟེང་དུ་གཞག་པར་བྱ་བ་ཡིན་པ་ལ། ལམ་པོ་ཆེ་ཞེས་བྱ་བ་སྨོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ལམ་པོ་ཆེ་མ་ཡིན་པ་ས་གཞི་འབར་འབུར་ཅན་ལ་སོགས་པ་ནི་ཤིང་རྟ་ཁྲིད་པར་མི་ནུས་ལ། ས་གཞི་བསྙམས་པར་སྦྱངས་པའི་ལམ་པོ་ཆེར་ཤིང་རྟ་འཁྲིད་པ་ཡིན་པས། གཞི་འགྲེལ་ལས་ལམ་པོ་ཆེ་ཞེས་བྱ་བ་ནི་ཤིང་རྟའི་ལམ་མོ་ཞེས་བཤད་དོ། །ཕྲེང་བའི་ཟ་མ་ཏོག་ནི་མེ་ཏོག་ཕྲེང་བའི་སྣོད་དེ། སྣོད་དེའི་ནང་དུ་དྲིའི་ཟ་མ་ཏོག་གཞུག་པ་སྟེ་དྲི་ཞིམ་པོས་བཀང་བའི་སྣོད་གའུ་ལ་སོགས་པ་གཞུག་པའོ། །འདི་ནི་འགྲེལ་ཆུང་ལས་ཤིང་རྟའི་མདུན་གྱི་སྒྲོམ་གྱི་སྟེང་དུ་ཞིམ་པོའི་དྲི་བསུང་གིས་གབ་རྩེ་བཀང་ལ་བཞག་གོ་ཞེས་བཤད་དོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །
Domain ཆོས་ལུགས།