From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བ་ (1)
| Part of speech
|
མིང་ཚིག
|
| Definition
|
བོད་ཡིག་གི་གསལ་བྱེད་བཅོ་ལྔ་པ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་མཆུ་དང༌། བྱེད་པ་མཆུ་སྦྱར་ཞིང་བཙུམ་པ། སྒྲ་འབྱིན་ཚུལ་ཤིན་ཏུ་ལྷོད་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་མོ་ཡིག་ཅིག
|
བ་ (2)
| Part of speech
|
མིང་ཚིག
|
| Definition
|
ཞིང་པའི་སྒོ་ཕྱུགས་གཙོ་གྲས་ཏེ། མོ་རིགས་ཏེ། སྤུ་འབྲི་གཡག་ལས་ཐུང་ཞིང་ཅུང་འཇམ་པའི་མདོག་དམར་པོ་དང༌། དཀར་པོ། ནག་པོ། ཁྲ་ཁྲ་སོགས་སྣ་ཚོགས་མཆིས་ཤིང༌། ཡ་སོ་མེད་པ། རྭ་གཉིས་ཅུང་ཐུང་བ། རྐང་ལག་བཞིའི་རྨིག་པ་ཁ་དབྲག་ཡིན་པ་དང༌། རྔ་མ་ཡང་ཕྲ་ལ་རིང་བ། མོ་ལ་འོ་མ་འཇོ་རྒྱུ་ཡོད་པ་སྟེ། རྒྱུན་དུ་ཞིང་པའི་ས་ཁུལ་དུ་དབྱར་སྟོན་གཉིས་ལ་རི་ཀླུང་གི་རྩྭ་རིགས་བཟང་སར་འཚོ་སྐྱོང་བྱེད་པ་དང༌། དགུན་དཔྱིད་གཉིས་ལ་གཟན་རྩྭ་སྐམ་པོ་དང་འབྲུ་རིགས་ཀྱིས་གསོ་ཉར་བྱེད།
|
| Keyword
|
True
|
བ་ (1)
| Part of speech
|
ཕྲད་ཚིག
|
| Definition
|
མིང་དང་བྱ་ཚིག་གང་ཡང་རུང་བའི་མཐའ་སྦྱར་ན་བདག་སྒྲ་དང་བྱ་མིང་སྒྲུབ་བྱེད་དུ་འགྲོ་སྟེ།
|
| Keyword
|
True
|
| Example
|
ཤིང་བཟོ་བ། ལྷ་ས་བ། ལྟད་མོ་ལྟ་བ། རྩེད་མོ་རྩེ་བ་ལྟ་བུ།
|