38932

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བ་ཀུ་ལ་ (1)
Part of speech མིང་ཚིག
Definition རྒྱ་གར་དུ་སྐྱེས་པའི་ཤིང་ཞིག་སྟེ། དེའི་མེ་ཏོག་ནི་བུ་མོ་མཛེས་མས་འགྲམ་ཆུ་གཏོར་བ་ལ་བརྟེན་ནས་ཁ་འབྱེད་པར་གྲགས།
Foreign རྒྱ་གར།
བ་ཀུ་ལ་ (2)
Part of speech མིང་ཚིག
Definition གནས་བརྟན་བཅུ་དྲུག་ལས་དགུ་པ་བྱང་སྒྲ་མི་སྙན་ལ་བཞུགས་པའི་གནས་བརྟན་ཞིག་གི་མཚན། རྒྱ་གར་མཉན་ཡོད་ཀྱི་བྲམ་ཟེའི་རིགས་སུ་འཁྲུངས། སྟོན་པས་ཆོས་བསྟན་པས་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱས། བསྙེན་པར་རྫོགས་ནས་དགྲ་བཅོམ་པའི་གོ་འཕང་ཐོབ། ཕྱག་ཏུ་ནེའུ་ལེ་འཛིན་ཅིང་དེས་ཆོས་བྱེད་སྐྱེས་བུ་རྣམས་ཆོས་མཐུན་གྱི་འབྱོར་བས་མི་ཕོངས་པ་མཚོན།