3894
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། གནས་སྐབས་སངས་རྒྱས་སུ་རིགས་མ་ངེས་ཀྱང་མ་འོངས་པ་ན་སེམས་ཅན་ཐམས་ཅད་ཀྱིས་ལམ་ཤེས་སྒོམ་པའི་ཁྱབ་པ་སྟོན་པའི་ཐབས་ཞིག་ལ་ཁྱབ་པའི་ལམ་ཤེས་ཀྱི་ཡན་ལག་ཅེས་འཇོག དེ་མདོ་ལས་གསུངས་ཚུལ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། གང་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པར་གྱུར་པ་དེ་དག་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་འཁོར་བའི་རྒྱུད་ཀྱི་མཚམས་བཅད་པའི་ཕྱིར་རོ། །ཞེས་དང། འོན་ཀྱང་གང་ཡང་གལ་ཏེ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེ་དག་ལ་ཡང་རྗེས་སུ་ཡི་རང་བར་བྱའོ། །ཞེས་གསུངས། |
| Domain | ཆོས་ལུགས། |