From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བ་དན་ (1)
| Part of speech
|
མིང་ཚིག
|
| Definition
|
མཆོད་རྫས་ཀྱི་བྱེ་བྲག་དར་ཆ་ཞིག་སྟེ། གོས་ཁ་དོག་སྣ་ཚོགས་པ་ཅན་ལྕུག་མ་རིང་པོ་ལ་བཏགས་པ་ནི་བ་དན་ནོ། །ཞེས་ལུང་ཕྲན་ཚེགས་ཀྱི་འགྲེལ་པར་གསུངས། འདི་ལ་ལེགས་སྦྱར་གྱི་པ་ཏཱ་ཀ་ཟུར་ཆག་པར་མཁས་པ་མང་པོས་གསུངས་ཤིང་། སྐྱོགས་སྟོན་ལོ་ཙཱ་བའི་ལི་ཤིའི་གུར་ཁང་དུའང་དེ་ལྟར་གསུངས། འདུལ་བ་མདོར། སེངྒེ་རྐང་པ་བརྒྱད་པ་དང་། ཉ་སྤུ་རྒྱས་པ་སོགས་སྲོག་ཆགས་གཉིས་འདུས་ཀྱི་གཟུགས་ཁྱད་པར་བས་མཚན་པས་རྒྱལ་མཚན་གསུངས་པ་བཞིན་ཡིན་པས། མཚན་མ་དེ་འདྲ་ཡོད་པ་རྒྱལ་མཚན་དང་། མེད་པ་བ་དན་དུ་འཇོག་ལ། གཉིས་ཀའང་དར་ལྕེ་གསུམ་པ་ཡོངས་གྲགས་ཀྱི་འཕན་ལྟ་བུ་ཞིག་ཡིན་ནོ། །ཞེས་མཁས་པ་རྣམས་གསུངས།
|
| Domain
|
ཆོས་ལུགས།
|
བ་དན་ (2)
| Part of speech
|
མིང་ཚིག
|
| Definition
|
ཤིང་གྲུ་སྐྱོད་བྱེད་ཀྱི་དར་པོ་ཆེའི་མིང་།
|
བ་དན་ (3)
| Part of speech
|
མིང་ཚིག
|
| Definition
|
ལྷ་ཡི་རྟེན་ཞིག་སྟེ། སྦྱིན་སྲེག་སྤྱི་རྒྱུག་གི་ལས་བཞིའི་ཆ་ལག་ཟུར་དུ་བཀོད་པ་ལས། དར་སྣ་ལྔ་ཡི་མེ་ཐོད་འདིས། དགྲ་འདྲེ་གདོན་གསུམ་བསྲེགས་པ་དང་། མེ་ལྷ་བཞི་བཅུ་རྟེན་བྱེད་ཕྱིར། ཧོམ་ཆེན་འདི་ཡི་ཐོད་དུ་དཀྲིས། ཞེས་སོ། །
|
བ་དན་ (4)
| Part of speech
|
མིང་ཚིག
|
| Definition
|
ཕྱག་ཆ་ཡང་ཡིན།
|
| Example
|
ཕྱག་མཚན་མེ་ཡི་བ་དན་བསྣམས་ཞེས་པ་ལྟ་བུ།
|