3901
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་བཅུ་དགུ་པ་རྫོགས་ཆེན་ཨ་ཏིའི་གཞི་ལས་བྱུང་བ་སྟེ། གཏི་མུག་ལ་ལྔ་སྟེ། ༡ རབ་ཏུ་རྨུགས་པའི་གཏི་མུག ༢ མ་ཤེས་པའི་གཏི་མུག ༣ མ་མཐོང་བའི་གཏི་མུག ༤ ཤིན་ཏུ་འཐིབས་པའི་གཏི་མུག ༥ རབ་ཏུ་འཐིབ་པའི་གཏི་མུག་གོ ། འདོད་ཆགས་ལ་ཡང་ལྔ་སྟེ། ༡ ཞེ་ལ་འདོད་པའི་འདོད་ཆགས། ༢ ཤིན་ཏུ་གདུང་བའི་འདོད་ཆགས། ༣ སྲོག་ལ་མི་ལྟ་བའི་འདོད་ཆགས། ༤ ཞེ་སྡང་དང་བཅས་པའི་འདོད་ཆགས། ༥ མཁའ་ལ་སྤྱོད་པའི་འདོད་ཆགས་སོ། །ཞེ་སྡང་ལ་ཡང་ལྔ་སྟེ། ༡ འདོད་པ་ཤས་ཆེ་བའི་ཞེ་སྡང༌། ༢ ཁྲོ་བ་དང་བཅས་པའི་ཞེ་སྡང༌། ༣ ཤིན་ཏུ་རགས་པའི་ཞེ་སྡང༌། ༤ གཏི་མུག་དང་བཅས་པའི་ཞེ་སྡང༌། ༥ དུས་ཀྱི་འབྲུག་ཆར་ལྟ་བུའི་ཞེ་སྡང་ངོ༌། །ང་རྒྱལ་ལ་ཡང་ལྔ་སྟེ། ༡ ཟིལ་གྱི་གནོན་པ་སེང་གེ་ལྟ་བུའི་ང་རྒྱལ། ༢ གོང་ན་མེད་པ་ནམ་མཁའ་ལྟ་བའི་ང་རྒྱལ། ༣ དཔའ་རྟུལ་ཆེ་བ་སྟག་ལྟ་བུའི་ང་རྒྱལ། ༤ ངའོ་སྙམ་པ་དུར་བྱ་ལྟ་བུའི་ང་རྒྱལ། ༥ མི་མཉམ་པ་སྙོམས་པ་གླང་པོ་ཆེ་ལྟ་བུའི་ང་རྒྱལ་ལོ། །ཕྲག་དོག་ལ་ཡང་ལྔ་སྟེ། ༡ ཕྲ་བའི་ཕྲག་དོག ༢ ང་ལས་བྱུང་བའི་ཕྲག་དོག ༣ ཤིན་ཏུ་རྩུབ་པའི་ཕྲག་དོག ༤ རགས་པའི་ཕྲག་དོག ༥ ལྟ་བའི་ཕྲག་དོག་བཅས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཁྱབ་བྱ་དུག་ལྔར་ཕྱེ་བས་ཉོན་མོངས་པ་ཉི་ཤུ་རྩ་ལྔ་
|; |@@@ | | }}